དབུ་ཤོག>གསར་འགྱུར།
  • ལྷོ་ཁས་གཤེད་མ་དང་འབྲེལ་བའི་གྱོད་གཞི་9མྱུལ་ཞིབ་དང་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-12

    ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་དང་། སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན། རྩ་འཛུགས་པུའུ་སོགས་ཀྱིས་རང་རང་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ཁོང་ཚོས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་ལས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོདཔ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་མི་སྣ་འདུ་འཛོམས་ཆེ་ཁུལ་དང་གཙོ་གནད་ལས་རིགས་འདུ་ཁུལ་སོགས་སུ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་དང་མཉམ་འདྲེས་སྨྱན་སྦྱོར་དྲིལ་བསྒྲགས་སོགས་ཀྱི་རྣམ་པ་བརྒྱུད། ཐེར་འདོན་གྱི་ཐབས་ལམ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཞུགས་མང་དུ་བཏང་ནས། དམངས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། མིག་སྔའི་བར་ཐེར་འདོན་ཁུངས་སྣེ་23འབྱོར་ཡོད། དུས་མཚུངས་སུ་ཁུངས་སྣེ“གྲལ་བཤེར་ཆེན་པོ་དང་ཞིབ་བཤེར་ཆེན་པོ”དང“གཙང་བཤེར”བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་ནས་ཁུངས་སྣེ་ཁག་གཅིག་ཞིབ་བཤེར་མཐར་ཕྱིན་པ་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་བདེ་འཇགས་ཐད་ཀྱི་ཟང་ཟིང་ཆེ་རིགས་སྣ་ཚོགས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་རེད། མིག་སྔ་བར། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གཤེད་མའི་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་2དང་གཤེད་མའི་ཕྱོགས་གཏོགས་ཀྱི་ཉེས་གསོག་རུ་ཚོགས་1སོགས་གཤེད་མའི་ཕྱོགས་གཏོགས་དང་འབྲེལ་བའི་གྱོད་གཞི་ཁྱོན་9མྱུལ་ཞིབ་དང་ཐག་གཅོད་བྱས་པ་དང་ཉེས་གསོག་དོགས་ཅན་62འཛིན་བཟུང་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་ཡིག་སྐུར་ངོ་བཅར་དང་ཐེར་འདོན་གྱི་ཡིག་སྒམ་330བཀལ་བ་དང་། ཐེར་འདོན་ཁ་པར“12388”བཙུགས་པ་མ་ཟད། གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་དྲ་བའི་ཐོག་ཐེར་འདོན་ཆེད་དོན་ཁུལ་བཀོད་སྒྲིག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།