དབུ་ཤོག>གསར་འགྱུར།
  • བེད་མེད་ཞིང་ཁར་དབུལ་སྒྲོལ་ཕྱུག་འགྱུར་གྱི་མེ་ཏོག་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-11

    མེ་ཏོག་རྫོང་གིས་དགུན་ཁར་འབྲས་ཞིང་དུ་སྔོ་ཚལ་བཏབ་པ་དང་ཆབས་ཅིག པད་ཁ་དང་སྤྲིན་སྨུག་སོགས་བཏབ་ནས་ཞིང་སྡེའི་ཡུལ་ལྗོངས་བཏོད་པས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མེ་ཏོག་གི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད།

    མེ་ཏོག་རྫོང་ནི་བོད་ཀྱི་ཤར་ལྷོའི་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་1200ཟིན་ཞིང་། དགུན་ཁ་དྲོ་ལ་དབྱར་ཁ་ཚ་བ་མེད་ཅིང་། དུས་བཞིའི་དྲོ་གྲང་སྙོམས་ཁར་སྔོ་ཚལ་སྣ་ཚོགས་འདེབས་པར་འཚམ་པས་སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་སྔོན་འགྲོའི་ཆ་རྐྱེན་ཚང་ཡོད་པ་རེད།

    2016ལོར། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་མེ་ཏོག་རྫོང་གི་ལས་དོན་ཚོགས་ཆུང(གཤམ་དུ་ལས་དོན་ཚོགས་ཆུང་ཞེས་བསྡུ་རྒྱུ)གིས་མེ་ཏོག་གི་ཟླ་10པ་ནས་སང་ལོའི་ཟླ་5པའི་བར་གྱི་ཞིང་དལ་ལེགས་ཆ་གང་ལེགས་སྤྱད་ཅིང་། མེ་ཏོག་གི་དགུན་དུས་ཀྱི་ལེགས་ཆའི་རང་བྱུང་ཆ་རྐྱེན་དང་མེ་ཏོག་གི་མང་པོ་མེད་པའི་ས་ཆའི་ཐོན་ཁུངས་སྤྱད་དེ་འབྲས་ཞིང་དུ་སྔོ་ཚལ་བཏབ་པ་དང་ཆབས་ཅིག པད་ཁ་དང་སྤྲིན་སྨུག་སོགས་བཏབ་ནས་ཞིང་སྡེའི་ཡུལ་ལྗོངས་བཏོད་པས་མེ་ཏོག་གི་མང་པོ་མེད་པའི་རྨོ་ཞིང་སྤྱོད་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ལོ་ཕྱེད་འདེབས་འཛུགས་དང་ལོ་ཕྱེད་བེད་མེད་དུ་བསྐྱུར་བའི་ལོ་རྒྱུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་རེད།

    ཡར་སྟོངས་གྲོང་ཚོ་ནི་རྫོང་གྲོང་དུ་གནས་པས་འགྲིམ་འགྲུལ་སྟབས་བདེ་ལ་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཆབས་ཅིག མང་ཚོགས་བསམ་བློ་གཏོང་མཁས་པས་རང་འགུལ་ངང་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་བརྩོན་སེམས་ཅུང་ཆེ་ཙམ་ཡོད། ལས་དོན་ཚོགས་ཆུང་གིས་ཡར་སྟོངས་གྲོང་ཚོ་དཔེ་སྟོན་གྲོང་ཚོར་བྱས་ཏེ་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་མགྱོགས་པོ་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དམིགས་ཚད་དུ་བྱེད་པ། ཟླ་10པ་ནས་སང་ལོའི་ཟླ་5པའི་བར་གྱི་ཞིང་དལ་དང་རྫོང་གྲོང་གི་ས་ཁོངས་ལེགས་ཆར་བརྟེན་པ། ཞིང་པའི་ཆེད་ལས་མཉམ་ལས་ཁང་ལྟེ་བར་བྱེད་པ། མང་ཚོགས་སྔོ་ཚལ་ཐོན་ལས་ལ་གཞོལ་བར་སྣེ་ཁྲིད། ནུས་ཤུགས་ཡོད་རྒུས་ཞིང་པར་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན། འབྲས་ཞིང་དུ་སྔོ་ཚལ་འདེབས་པར་འཕེལ་རྒྱས་འོས་འཚམ་གཏོང་བ། སྔོ་ཚལ་ཐོན་ལས་ལ་བརྟེན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བཅས་བྱས་ནས་ཞིང་ལས་ཕན་འཕར་དང་། ཞིང་པར་འབབ་འཕར། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས། གྲོང་གསེབ་དར་རྒྱས་བཅས་ལ་སྐུལ་འདེད་བཏང་བ་རེད།

    2016ལོའི་དགུན་ཁར་ཡར་སྟོངས་གྲོང་ཚོས་ལས་དོན་རུ་ཁག་གི་རོགས་རམ་འོག་འབྲས་ཞིང་དུ་སྔོ་ཚལ་འདེབས་སྟངས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ནས། དུད་ཚང་54ཡི་ཞིང་འབྲོག་པ་ཞུགས་པའི་ནང་དབུལ་སྐྱོར་དུད་ཚང་18ཡོད་པ་རེད། ཞིང་འབྲོག་མང་ཚོགས་50ལྷག་གིས་སྔོ་ཚལ་འདེབས་པའི་ལག་རྩལ་གསར་པ་ཤེས་པ་མ་ཟད། སྔོ་ཚལ་འདེབས་མཁན་དུད་ཚང་54ལ་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་4000ལྷག་ཙམ་འཕར་ནས་2016ལོར་དབུལ་སྐྱོར་དུད་ཚང་14ཐད་ཀར་དབུལ་སྒྲོལ་ཐུབ་སྟེ་ཐོག་མའི་ཕན་འབྲས་བཟང་པོ་ཐོན་པ་རེད།

    2017ལོའི་དགུན་ཁར་ལས་དོན་ཚོགས་ཆུང་གིས་ཤང་དང་གྲོང་རྡལ་4ཡི་སྲིད་འཛིན་གྲོང་ཚོ་13ལ་སྔོ་ཚལ་གྱི་ས་བོན་སྣ་ཁ་25དང་སྤྱི་རྒྱ་650ལྷག་ཙམ་སྤྲད་པར་སྒོར་ཁྲི་6ལྷག་རི་བ་དང་། འདེབས་ཁྱོན་མུའུ་1500ཟིན་ནས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་དགུན་འདེབས་སྔོ་ཚལ་དང་པད་ཁའི་མེ་ཏོག་རྟེན་གཞི་བཏོད་པ་རེད། དཔེ་སྟོན་ས་ཚིགས་གྲོ་མོ་གྲོང་ཚོས་སྔོ་ཚལ་རྟེན་གཞིར་སྔར་ཡོད་ཀྱི་མུའུ་54ཡི་ཁར་རྒྱ་བསྐྱེད་ནས་མུའུ་300ཟིན་པའི་ནང་ནས་ཆིའུ་ཙི་དང་། ལ་ཕུག་དམར་པོ། ཆུར་ཚལ་སོགས་སྔོ་ཚལ་སྣ་ཁ་15བཏབ་པར་ཁྱོན་མུའུ་150ཟིན་པ་དང་པད་ཁ་མུའུ་150བཏབ་པ་རེད། ཁྱོན་དུད་ཚང་60ལྷག་ཙམ་གྱི་ཞིང་འབྲོག་མང་ཚོགས་ཞུགས་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་བྱུང་ཡོད་པ་དང་ཡོང་འབབ་མཐོ་ཤོས་སྒོར་ཁྲི་1.5ཙམ་ཡང་ཟིན་ཡོད།

    2018ལོར། ལས་དོན་ཚོགས་ཆུང་གིས་གྲོ་མོ་གྲོང་ཚོའི་2017ལོའི་དགུན་འདེབས་སྔོ་ཚལ་འཇོན་ཐང་ཅན་ལ་བྱ་དགའ་སྤྲད་པ་མ་ཟད། མེ་ཏོག་གྲོང་རྡལ་དང་གྲོ་མོ་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་དང་སྔོ་ཚལ་འདེབས་མཁན་དུད་ཚང་གི་འཐུས་མི་ཧྲན་ཏུང་ཧྲོའུ་ཀོང་སོགས་ས་ཆར་བསྐྱོད་ནས་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་ལ་ལྟ་སྐོར་དང་སློབ་སྦྱོང་ལ་མངགས་ཏེ། མང་ཚོགས་ཀྱི་སྔོ་ཚལ་འདེབས་པའི་ཧུར་བརྩོན་སྔར་བས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།