དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-11

    དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་མི་རིགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱིས“མི་རིགས་ཀྱི་སྲིད་ཇུས་བཅའ་ཁྲིམས་སློབ་སྦྱོང་བྱས་ཏེ་མཐུན་སྒྲིལ་གྱི་སྣེ་ཁྲིད་པ་ཞིག་བྱེད་པའི”མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་སྤེལ་བ་རེད།

    ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་ལ་མངའ་རིས་ས་ཁུལ་གྱི་རྫོང་7གྱི་འཐུས་མི་རུ་ཁག་དང་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་གཏོད་བྱེད་སྒོའི“སྡེ་ཚན་ཁག་བརྒྱད་ལ་སྐྱོད་པའི”སྣེ་ཁྲིད་ཚན་པའི་རུ་ཁག་14འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འཁྲུག་ཆ་དོད་པའི་འགྲན་བསྡུར་བྱས་པ་བརྒྱུད། མཐར་སྤུ་ཧྲེང་རྫོང་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། “ལས་ཁུངས་ལ་བསྐྱོད་པའི”འཐུས་མི་རུ་ཁག་ས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་ལ་བྱ་དགའ་ཨང་གཉིས་པ་རག་པ། “དམར་སྒར་ལ་བསྐྱོད་པའི”འཐུས་མི་རུ་ཁག་མངའ་རིས་ཡན་ལག་དམག་ཁུལ་ལ་བྱ་དགའ་ཨང་གསུམ་པ་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།