ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས། བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་ཁོང་ཚོའི་བྱང་ཆུབ་པའི་ལག་རྩལ་དང་ཚོགས་པའི་ལེགས་ཆར་བརྟེན་པའི་ཁར། “གཅིག་གིས་གཅིག་ཁྲིད་པ”དང་། “གཅིག་གིས་གཉིས་ཁྲིད་པ” “གཅིག་གིས་མང་པོ་ཁྲིད་པ”བཅས་ཀྱི་རྣམ་པ་དང་དེ་བཞིན་གསོ་སྦྱོང་དང་། འཆད་ཁྲིད། མཉམ་འཛོམས་ནད་དཔྱད་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། སྔོན་ཐོན་གསོ་རིག་གི་འདུ་ཤེས་བསླབས་པ་དང་། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ལྗོངས་ཀྱི་འབྲེལ་ཡོད་སྨན་བཅོས་རིག་ཚན་འཛུགས་སྐྱོང་དང་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་ཆབས་ཅིག རོགས་སྐྱོར་དང་ལེན་སྨན་ཁང་གི“རང་བརྟེན་ནུས་པ”ཡང་ཆེ་རུ་ཕྱིན་ཡོད་པ་རེད།
འདི་ནི་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་ཏེང་ལུའེ་ཧུང(གཡོན་གྱི་གཉིས་པ)གིས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པར་ནད་གཞི་བརྟག་དཔྱད་བྱེད་སྟངས་དམར་ཁྲིད་བྱེད་བཞིན་པ།