དབུ་ཤོག>གསར་འགྱུར།
  • “གསར་བརྗེའི་ཏང་འཛུགས་སྐྱོང”ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཡང་ཞའོ་ཅོན།   |     སྤེལ་དུས།  2019-06-05

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་གཞུང་ཁོངས་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”ལྟ་བུ་ཡིན་ལ། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆའང་ཡིན་ཞེས་ནན་བཤད་གནང་ཡོད།

    ཏང་འཛུགས་སྐྱོང་དེ་ཉིད་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཏུ་བརྩི་དགོས་ཤིང་། ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན་པ་དང་། ཀྲི་པུའུ་གཅིག་ནི་དམག་འཐབ་མཁར་རྫོང་ལྟ་བུ་ཞིག་རེད། ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་སྐབས་རྩེ་རིམ་ཇུས་འགོད་ལ་དམ་འཛིན་དང་། ལྟ་བ་གསར་སྒྱུར། ཞིབ་ཕྲ་ནས་འགོ་འཛུགས་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ཚོར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་བཏོན་ནས་ཏང་འཛུགས་སྐྱོང་གི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་དེ་ཉིད་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས།

    ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཉིད་ལས་སྒོའི་ཁྲོད་དུ་ཁྱབ་པར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་དོན་གནད་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་ཞེས་གསུངས་ཡོད། འཕེལ་རྒྱས་གཏོང་སྐབས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་འཇུག་གཞི་གནད་འཁེལ་ངང་བཙལ་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་གཞི་ཚུགས་ས་དེ་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་གཏོང་བའི་ཐད་འཇོག་པ་དང་ལས་སྒོའི་ཐད་ཀྱི་དཀའ་གནད་དག་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལ་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།