“ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་རེད་ལ། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་སྔ་འཛིན་ཕྱི་གཏོད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་རྒྱུར་སྐུལ་ལྕག་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་ཀྱང་རེད”“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་དང་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་གྱི་མཐོ་ཚད་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་རྒྱས་བཤད་གཏིང་ཟབ་གནང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་བླང་བྱ་ཁ་གསལ་བཏོན་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ། ཏང་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བཅས་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་བསམ་བློའི་ཐད་སླར་ཡང་གོ་རྟོགས་མཐོ་རུ་གཏོང་བ་དང་སྙིང་སྟོབས་ཐད་སླར་ཡང་བཞུན་བརྡར་ཐུབ་རྒྱུར་སྐུལ་སློང་དང་སྐུལ་ལྕག་བྱེད་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིང་སྐྱོང་བའི་རིན་ཐང་འདུ་ཤེས་བརྟན་པོ་འཛུགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི་བསམ་པའི་གཤིས་རྒྱུད་ལ་བཞུན་བརྡར་བཅས་བྱས་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་ཆེད་དེ་བས་རང་རྟོགས་ངང་འབད་འཐབ་ཧུར་ཐག་བྱེད་དགོས།
མདུན་དུ་སྐྱོད་བཞིན་དུ་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པའི་སྐབས་འདིར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་སྐབས་སུ་བབས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་བཅས་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་གཅིག་འདོམས་གནང་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རང་རེའི་ཏང་གིས་རང་ངོས་ལ་རྒྱུན་ཆད་མེད་པར་གསར་བརྗེ་དང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་ཉིད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད།
ལོ་98རིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྲུབ་འབྲས་ཐོབ་པར་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཡོད། དེ་དང་ཆབས་ཅིག་བྱ་གཞག་འཕེལ་རྒྱས་ལ་མུ་མཐའ་མེད་པས་ང་ཚོར་འཕྲད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བ་དང་ཕྲག་ཐོག་གི་ལོ་རྒྱུས་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་ཞིག་ཡོད། ཉེན་ཁ་དང་འགྲན་སློང་གང་ཞིག་འཕྲད་ཀྱང་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་བ་གཏོང་མི་རུང་ལ། ཕུགས་འདུན་དོན་གཉེར་གྱི་གོམ་སྟབས་ནམ་ཡང་སྤོ་མཚམས་འཇོག་མི་སྲིད། དེ་རིང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་རྒྱུད་ལ་བཞུན་བརྡར་ཐེབས་པ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དེ་རེད།
ད་ཐེངས་བརྗོད་དོན་གཙོ་བོའི་སློབ་གསོར་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་བཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་སྒྲུབ་ཐུབ་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་རྒྱུར་སློབ་གསོ་ཁྲིད་སྟོན་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་། སྤྱོད་ཚུལ་ལེགས་གཏོང་བྱེད་དགོས། སློབ་སྦྱོང་དང་སློབ་གསོ། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་བཤེར། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དངོས་སྒྲུབ་གོང་བཀུར་གྱིས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས”ཞེས་ནན་བཤད་ཡང་ཡང་གནང་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡོད་པས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་བཟོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། རང་རེའི་ཏང་སྔར་བས་སྟོབས་དང་ལྡན་ལ་ནུས་པ་ཆེ་བ་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་བསམ་བློའི་ནང་བརྟན་པོར་ཟུག་ཐུབ་པ་དང་བྱ་སྤྱོད་ཐོག་དོན་ཁྱོལ་ཞིབ་ཕྲ་བྱས་ཏེ་ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་ཁོག་ཆེན་པོས་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་རྒྱུར་ཁྲིད་སྟོན་བྱེད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྷག་དོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བཅས་བྱེད་དགོས།
“ཤིང་ལ་རྩ་བ་ཡོད། ཆུ་ལ་ཆུ་འགོ་ཡོད”ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རི་ལ་ཐུག་ན་ལམ་བཟོ་བ་དང་། ཆུ་ལ་ཐུག་ན་ཟམ་པ་རྒྱག་པའི་གསར་འབྱེད་སྙིང་སྟོབས་ལ་མུ་མཐུད་བརྟེན་ཏེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེའི་རྣམ་པ་གསར་པ་གཏོད་པ་དང་རླབས་ཆེན་གྱི་རང་ངོས་གསར་བརྗེ་བྱེད་ཤུགས་ཆེ་རུ་བཏང་ཚེ། གཞི་ནས་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་ལང་ཚོ་རྒྱས་ཐུབ་པ་དང་། ནམ་ཡང་གསོན་ཤུགས་ལྡན་པ། འཐབ་ནུས་ཆེ་རུ་འགྲོ་ཐུབ་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་ཆེན་འདི་ཉིད་རླུང་བརྟེན་རླབས་གཤགས་ཀྱིས་རྒྱལ་ཁ་ནས་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།