
བོད་ལྗོངས་ཆབ་མདོ་སྨར་ཁམས་རྫོང་གི་རྫ་ཆུའི་འགྲམ་དུ་ཡོད་པའི་གནའ་བོའི་ཚྭ་ཞིང་དུ་དུས་ད་ལྟའང་གདོད་མའི་ཚྭ་སྐེམ་སྟངས་སྤྱོད་ཀྱི་ཡོད། ལོ་རྒྱུས་དེབ་ཐེར་དུ་འཁོད་པར་གཞིགས་ན། ཐང་རྒྱལ་རབས་སྐབས་སུ་ས་གནས་དེར་ཚྭ་སྐམ་སྲོལ་ཡོད་ལ། ཚྭ་ཞིང་རྫ་ཆུའི་གཙང་འགྲམ་ངོགས་གཉིས་སུ་ཆགས་པ་དང་། རྒྱང་ནས་བལྟས་ན་གྲལ་སྟར་འགྲིག་པའི་ཚྭ་ཞིང་དེ་དག་ས་ངོས་སུ་ཆུ་ཤེལ་སྒྲིག་པ་ལྟར་སྣང་ཞིང་། འདི་ནི་བོད་ལྗོངས་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་གྲོང་མི་ཆོས་མཚོས་ཚྭ་སྟོན་བཞིན་པ།