དབུ་ཤོག>གསར་འགྱུར།
  • ཐེན་ཅིན་དང་ཆབ་མདོའི་དབར་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-24

    ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ཁ་རུབ་ཆུས་ལས་དོན་ཚོགས་ཆུང་བོད་དུ་སླེབས་ཚུན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་ཁ་རུབ་ཆུས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཧུར་ཐག་བཏོན་པས། མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་མང་པོ་བླངས་ཡོད།

    “ཞན་ཆ”གསབ་རེས་བྱེད་པ་ནི་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པའི་ཆ་རྐྱེན་གཙོ་བོ་ཡིན་ཞིང་། ཁ་རུབ་ཆུས་ཀྱི་ལས་དོན་ཚོགས་ཆུང་གིས་འཕེལ་རྒྱས་ལ་དམ་འཛིན་ལྷོད་མེད་ཀྱིས་ཁ་རུབ་ཆུས་ཀྱི་ཤང་དང་གྲོང་རྡལ་15ཡི་གྲོང་ཚོ(གྲོང་ལྷན)167དང་། དགོན་སྡེ་53ལ་བཅར་འདྲི་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོས་པ། འཕེལ་རྒྱས་ཀྱི་གཏོང་ཐབས་མགྱོགས་མྱུར་དོན་འཁྱོལ་བྱས་པས། “ལོ་ལྔ་ཚན་བཅུ་གསུམ་པ”དང་། ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་བོད་སྐྱོར་རྣམ་གྲངས་ཚང་མ་གནད་སྨིན་དོན་འཁྱོལ་བྱུང་ཡོད། གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་4ལག་བསྟར་བྱས་ནས་མ་འཇོག་སྒོར་ཁྲི་3500ལྷག་ཙམ་བཏང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བརྒྱ་ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད།

    ཁ་རུབ་ཆུས་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བས“ཐེན་ཅིན་དང་བསྡུར་ན་ཁ་རུབ་ཆུས་ཀྱི་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་ད་དུང་རྗེས་སུ་ཤུགས་ཆེན་ལུས་ཡོད”ཅེས་ངོ་སྤྲོད་བྱས། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དམངས་འཚོ་ལེགས་གཏོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་རེད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3100ལྷག་ཙམ་བཏོན་ནས་གཞི་རིམ་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་10ལེགས་གྲུབ་བྱས་པ་དང་། ཁ་རུབ་ཆུས་སྨན་མདའ་ཤང་དང་། ལྷ་ཐོག་ཤང་། ས་སྒང་ཤང་བཅས་སུ་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་གསུམ་གསར་དུ་བསྐྲུན་པ། བྱང་རྒྱུད་ཀྱི་ཐག་རིང་ཤང་དང་གྲོང་རྡལ་ཀརྨ་ཤང་སྨྱོ་དོམ་སློབ་ཆུང་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པ། རུ་བཞི་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་200ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།