དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-24

     ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་གི་སྐད་གཉིས་བུ་བཅོལ་ཁང་སོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་སྐུལ་སྤེལ་ཆེད་དོན་ཚོགས་འདུ་འཚོགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་དང་གྲོང་རྡལ་གཏོད་པའི་དྲིལ་བསྒྲགས་བཀོད་སྒྲིག་ཚོགས་འདུ་འཚོགས་པ། མི་རིགས་ཀྱི་ཁྱད་ལྡན་ལུས་རྩལ་སྒྲིག་སྦྱོང་སོགས་ལ་བརྟེན་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་བསྐྲུན་པ་རེད།

    སྒེར་རྩེ་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གཏོད་པའི་ལས་དོན་གྱི་སྐུལ་སྤེལ་ཆེད་དོན་ཚོགས་འདུ་འཚོགས་ནས་སྒེར་རྩེ་རྫོང་གི་མི་རིགས་ཡར་ཐོན་དཔེ་སྟོན་བྱ་ཡུལ་སྐྲུན་པའི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ཚོགས་ཞུགས་ཚན་པ་ཁག་གིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འཁུར་སེམས་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གཏོད་པའི་ལས་དོན་ལ་རྨང་གཞི་སྔར་བས་བརྟན་པོ་བཏིང་བ་རེད།

    མཚོ་ཆེན་གྲོང་རྡལ་གྱིས་སྨན་སྟོང་གྲོང་ལྷན་གྱི་བུད་མེད་ཡོངས་དང་ལྷག་དོན་དུ་བུད་མེད་ཏང་ཡོན་སྒྲིག་འཛུགས་བྱས་ནས་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། བུད་མེད་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”བསྟོད་གླུ་བླངས་ཏེ་ཏང་ལ་ཕུལ་བ་དང་། རྒྱ་ཆེའི་བུད་མེད་ཀྱིས་རླབས་ཆེན་མེས་རྒྱལ་ལ་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། ཀྲུང་གོ་གུང་ཁྲན་ཏང་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མོས་སེམས་འཆང་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

    མངའ་རིས་ས་ཁུལ་སློབ་གསོ་ཅུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ས་ཁུལ་སློབ་འབྲིང་། མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ ས་ཁུལ་སྐད་གཉིས་བུ་བཅོལ་ཁང་བཅས་སུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སློབ་གྲྭར་སྤེལ་བའི་ལས་དོན་སྒྲུབ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། གོམ་སྟབས་རྗེས་མའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། “མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་ཕྲུ་གུའི་དུས་ནས་དམ་འཛིན་བྱེད་པའི”མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། “གསེར་གྱི་ས་བོན”འདུ་འགོད་ལག་བསྟར་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།