དབུ་ཤོག>གསར་འགྱུར།
  • ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-24

    བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་བྲག་ཡིབ་ཆུས་སུ་མི་རིགས་ཁག་གི་མང་ཚོགས་ཁྲི་6.4སེ་འབྲུའི་རྡོག་གཅིག་ལྟར་མཉམ་དུ་དམ་པོར་སྦྲེལ་ནས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་ཡོད།

    སྤུན་ཉེ་འཆམ་མཐུན་དང་མཐུན་སྒྲིལ་ཞི་མཐུན་ནི་བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་གི་གཉེན་ཉེ་རྣམས་ཀྱིས་མི་རིགས་ཀྱི་བརྩེ་སེམས་བརྟན་སྲུང་རྒྱུན་འཛིན་བྱེད་པའི་རྩ་བ་རེད།

    མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    བྲག་ཡིབ་ཆུས་ཀྱིས་སྣོད་བཅུད་ཡུལ་སྐོར་ལས་རིགས་ལྟེ་བར་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཚོགས་པ་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཡོད།

    སྣོད་བཅུད་ཡུལ་སྐོར་ལས་རིགས་ཐད་ས་ཁོངས་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པ་དང་Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་བར་བརྟེན་ཡུལ་སྐོར་ཞབས་ཞུས་གཙོ་བོ་བྱས་པའི་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་225.0357ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་17.84བྱུང་བ་མ་ཟད། ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཞིང་འབྲོག་པར་ཆ་སྙོམས་མི་རེར་ཡོང་འབབ་ཁེ་གཙང་སྒོར་16025བྱུང་ཡོད།

    ཐོན་ལས་གསར་པ་སྐྱེད་སྲིང་ཐད་ཁུལ་ཁོངས་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་སྟབས་བདེར་བརྟེན་ནས་ཚོང་ལས་ཟོག་འགྲེམས་བསྡུ་འགྲེམས་ཁུལ་བསྐྲུན་པ་དང་སྒོར་དུང་ཕྱུར་2.72བཏང་བ་དང་བྲག་ཡིབ་ཆུས་སུ་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་གླིང་དང་སྒོར་དུང་ཕྱུར་1.2བཏང་བའི་དགུན་ཚང་དེང་རབས་ཞིང་ལས་ཐོན་ལས་གླིང་སྐྲུན་འགོ་ཚུགས་ཁར། སྒོར་དུང་ཕྱུར་2.37བཏང་བའི་བྲག་ཕྱིབས་གྲོང་ཚོའི་ཟོག་འགྲེམས་གླིང་གི་རྣམ་གྲངས་འཆར་འགོད་ལ་ཐོག་མའི་ཞིབ་དཔྱད་བྱས་ཡོད།

    དམངས་འཚོ་ལེགས་གཏོང་འགན་ལེན་འགོ་འཛུགས་སར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    བྲག་ཡིབ་ཆུས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་པར་བརྟེན་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་སེར་ཚོས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་མ་ཟད། རིམ་ཁག་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། སེམས་པ་ཕྱོགས་ཤུགས། འཐབ་ནུས་བཅས་སྔར་བས་མཐོ་རུ་ཕྱིན་ཡོད།

    བྲག་ཡིབ་ཆུས་ཀྱི་ལས་ཞུགས་ལས་གཏོད་དཔེ་སྟོན་ཁྲོམ་གཞུང་དང་སྦེ་པ་གྲོང་རྡལ་གྱི་ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་ཁྲོམ་གཞུང་བསྐྲུན་པ་དང“གཅིག་གཏད་གཅིག”གི་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་ཏེ་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བར་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་པའི་ལས་གནས་མཁོ་འདོན་བྱས་ནས“ངལ་རྩོལ་ལ་ཐོབ་ཆ་རག་པ”བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.7བཏང་བའི་བྲག་ཡིབ་ཆུས་མི་དམངས་སྨན་ཁང་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་གཙོ་གཟུགས་ལས་གྲྭ་ལེགས་སྒྲུབ་ཟིན་ཡོད།

    སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མི་རིཌ་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    ཀོང་པོ་དང་། མོན་པ། ལྷོ་པ་སོགས་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་དང་འཕེལ་རྒྱས་གང་ལེགས་བཏང་སྟེ་ས་གནས་ཀྱི་ཁྱད་ལྡན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་གྲ་རྒྱས་གོང་འཕེལ་ཡོང་བ་བྱས་ཡོད། མ་དངུལ་སྒོར་ཁྲི་700བཏང་བའི་རྒྱལ་ཁབ་རིམ་པའི་ཀོང་པོའི་གྱོན་ཆས་འཚེམ་ཁང་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་རྣམ་གྲངས་འཛུགས་སྐྲུན་སྤྱིར་ན་ལེགས་སྒྲུབ་བྱུང་ཡོད། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང“རིག་རྩལ་གཤམ་སྤེལ”དང་། “གཞི་རིམ་དུ་གཤམ་སྤེལ་ལྔའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ” “གློག་བརྙན་གཤམ་སྟོན”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་བྲག་ཡིབ་ཆུས་ཀྱི་སྐབས་དང་པོའི“བྲག་ཡིབ་བུམ་པའི”ལས་བྱེད་པ་དང་ལས་བཟོའི་ལས་གསེང་གི་ལུས་རྩལ(ཐང་ཆེན་ཞབས་བྲོ)འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་ཡོད། “དྲ་ཆེན་གྲོང་ཚོར་འཁྲིད་པའི”དཔེ་སྟོན་གནས་5ཕྱོགས་ཡོངས་ནས་བསྐྲུན་ཏེ་གྲོང་གསེབ་ཀྱི་རིག་གནས་སྤེལ་རེས་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་ཡོད།

    མཛེས་སྡུག་ལྡན་པའི་བྲག་ཡིབ་ཆུས་སུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལེའུ་ཞིག་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།