དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-24

     ཉེ་ཆར། མངའ་རིས་ས་ཁུལ་དུ“མི་རིགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་སྦྱངས་ནས་མཐུན་སྒྲིལ་གྱི་སྣེ་ཁྲིད་པ་ཞིག་བྱེད”ཅེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་སྤེལ་བ་བརྒྱུད། ལས་བྱེད་པ་ཁྱོན་མི་ཐེངས་400ལྷག་ཙམ་གྱི་ཡིད་དབང་འཕྲོག་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་པ། ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་ཆེ་མོའི་འདུ་ཤེས་ཟབ་ཏུ་བཏང་ཡོད་ཅིང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་གཏིང་ཟབ་དང་། ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་མི་རིགས་ཀྱི་ལྟ་བ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན། མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ། མི་རིགས་ཁག་གིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུའི”བརྗོད་དོན་གཙོ་བོ་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་བཅས་ལ་ཕན་པ་ཡོད། ཤེས་བྱའི་འགྲན་བསྡུར་སྤེལ་བ་བརྒྱུད། ལྗོངས་ཡོངས་སུ“མི་ཚང་མས་མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་མིག་དཔེ་བ་ཞིག་བྱེད་པའི”མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།