དབུ་ཤོག>གསར་འགྱུར།
  • བྱིས་པ་དམག་སྒར་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-17

    ཟླ་5ཚེས་15ཉིན། བོད་ལྗོངས་དཔུང་སྡེ་ཞིག་གི་སྒོ་རའི་ནང་སྤྲོ་སེམས་འཁོལ་བའི་དགོད་སྒྲས་ཁེངས་པ་དང་། བོད་དམག་ཁུལ་ཁང་ལས་ཁུངས་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས“དམག་སྒར་དུ་བསྐྱོད་དེ་དམག་མིའི་སྙིང་སྟོབས་ཉམས་སུ་མྱོང”ཞེས་པའི་དམིགས་བསལ་གྱི་རྒྱལ་སྲུང་སློབ་གསོ་དང་ལེན་བྱས་པ་རེད།

    སྦྱོང་བརྡར་ཐང་དུ། དཔོན་དམག་ཚོས་ཕྲུ་གུ་ཚོར་དམིགས་བསལ་གྱི་ཚ་ཁ་རྒྱག་སྟངས་དང་། སྣུན་རྩལ་སྦྱོང་བརྡར། འཛིན་བཟུང་སྦྱོང་བརྡར། འཛེག་རྩལ་སྦྱོང་བརྡར་སོགས་འཁྲབ་སྟོན་བྱས་ཤིང་། གྲོགས་པོ་ཆུང་ཆུང་ཚོས་ལྟད་མོ་ཆེ་བའི་འཁྲབ་སྟོན་བལྟས་རྗེས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཡང་ཡང་ཞུས། དཔོན་དམག་ཚོའི་འཁྲབ་སྟོན་མཇུག་འགྲིལ་རྗེས་གྲོགས་པོ་ཆུང་ཆུང་ཚོས་ཀྱང་ལྟད་མོ་ཆེ་བའི་འཁྲབ་ཚན་ཐུང་གྲས་འཁྲབ་པ་མ་ཟད། ཨ་ཁུ་དམག་མི་ཚོར་རང་ཉིད་ཀྱིས་བཟོས་པའི་མེ་ཏོག་དང་སྨོན་ཚིག་ཤོག་བྱང་སོགས་ཕུལ། “ཨ་ཁུ་བཅིངས་འགྲོལ་དམག ཁྱེད་ཚོ་སྐུ་ལས་ཁག་སོང”ཞེས་བྱིས་པའི་སྐད་ཆས་དཔོན་དམག་ཚང་མར་སེམས་འགུལ་ཚད་མེད་ཐེབས།

    622872_yis_1557979341549_s.jpg

    འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ཨ་ཁུ་བཅིངས་འགྲོལ་དམག་གི་ལག་པར་འཇུས་ནས་སྐྱོད་བཞིན་པ།

    622874_yis_1557979342033_s.jpg

    འདི་ནི་གྲོགས་པོ་ཆུང་ཆུང་གིས་ཨ་ཁུ་བཅིངས་འགྲོལ་དམག་ལ་སྤྲད་པའི་སྨོན་ཚིག་ཤོག་བྱང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།