དབུ་ཤོག>གསར་འགྱུར།
  • སྙིང་ཁམས་ཁྲག་རྩའི་ནད་གཞིའི་ཐད་ཀྱི་པེ་ཅིང་གི་རིགས་གཅིག་མཁས་ཅན་བོད་དུ་ལག་རྩལ་སློབ་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-14

     ཚེས་11ཉིན། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་7གྱིས་བོད་ལྗོངས་ལྷ་སར་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་གཞི་ལྕི་རིགས་དང་བརྟག་དཔྱད་བྱེད་པར་དཀའ་བའི་སྙིང་གཟེར་ནད་འགྱུར་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས་པར་ལྗོངས་ཡོངས་ཀྱི་སྨན་དོན་ལས་དོན་པ་80ལྷག་ཙམ་ས་གནས་ས་ཐོག་ཏུ་སྤེལ་རེས་སློབ་སྦྱོང་བྱེད་པར་སླེབས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྙིང་ཁམས་ཁྲག་རྩའི་ནད་ནི་ཚེ་སྲོག་འཕྲོག་མཁན་གྱི་འཆི་རྐྱེན་ལྔའི་གྲས་ཀྱི་ངོས་ནས་ཉེ་བའི་ལོ་ཤས་རིང་ཐོན་མང་དུ་འགྲོ་ཚུལ་མངོན་པས། མིག་སྔའི་ནད་ཡམས་འགོག་བཅོས་ལས་དོན་གྱི་གཙོ་གནད་ཅིག་རེད།

    པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཆན་གྱིས་སྙིང་ཁམས་ཁྲག་རྩ་འབྲེལ་མཐུད་ཀྱི་གཤགས་བཅོས་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་སྒོས་གསར་སྒྱུར་བྱས་པས། རྒྱ་ཆེའི་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། སྨན་བཅོས་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྙིང་ཁམས་ཁྲག་རྩའི་ནད་གཞི་ལྕི་རིགས་དང་དེ་བཞིན་འབྲེལ་མཐུད་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ནང་ས་དང་བོད་ལྗོངས་ས་ཁུལ་གྱི་ལས་རིགས་གཅིག་པའི་དབར་གྱི་སློབ་སྦྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆེད་དུ་རིགས་གཅིག་མཁས་ཅན་ཚོས་ད་རེས་ཀྱི་གསོ་སྦྱོང་སྒྲིག་འཛུགས་བྱས་པ་རེད། སློབ་ཚན་ཉན་མཁན་སྨན་དོན་ལས་དོན་པ་80ལྷག་ཙམ་མང་ཆེ་བ་བོད་ཀྱི་གཞི་རིམ་སྨན་བཅོས་སྒྲིག་གཞི་ནས་ཡིན་པ་དང་། དུས་ཐུང་གི་གསོ་སྦྱོང་བརྒྱུད་ཁོ་ཚོའི་སྙིང་ཁམས་ཁྲག་རྩའི་ནད་ལ་ངོས་འཛིན་དང་སྨན་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་འགྲོ་སྲིད་ཅེས་ངོ་སྤྲོད་བྱས།

    བོད་ལྗོངས་གསོ་རིག་ལྷན་ཚོགས་ས་མཐོའི་ནད་དང་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་སྐལ་བཟང་ནོར་བུས་ཉེ་བའི་ལོ་ཤས་རིང་སྙིང་ཁམས་ཁྲག་རྩའི་ནད་གཞི་ཐོན་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་། ལྷག་པར་དུ་བོད་ནི་ས་མཐོར་གནས་པས་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་སྟབས་ནད་གཞི་འདི་རིགས་ཕོག་མཁན་མང་པོ་ཡོད། པེ་ཅིང་གི་རིགས་གཅིག་མཁས་ཅན་ཚོས་ད་རེས་ཀྱི་གསོ་སྦྱོང་གཉེར་བས་ཡུལ་དེའི་སྨན་དོན་ལས་དོན་པས་ཉེ་བའི་ལོ་བཅུ་ལྷག་ཙམ་རིང་རྒྱལ་ནང་གི་འཕེལ་རྒྱས་མྱུར་བའི་སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་ཀྱི་ལག་རྩལ་ལ་ངོས་འཛིན་བྱེད་ཟབ་ཏུ་འགྲོ་བར་ཕན་པ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།