ཉེ་ལམ་ལོ་ཤས་རིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་བྱེད་སྒོའི་སློབ་གསོ་སྤེལ་ཞིང་། སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱིས་བསམ་བློ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བྱང་ཚད་མཐོར་གཏོང་དང་། ཁྱད་ལྡན་ལག་ལེན། གར་སྟེགས་ཟློས་གར། བརྗོད་དོན་གཙོ་བོའི་གཏམ་བཤད་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། “ལེ་དབར་ཁྲིའི་རྒྱང་སྐྱོད་ལམ་བུ་ཐེངས་གཉིས་པའི”གར་སྟེགས་ཟློས་གར་དང་། “མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། བོད་སྐྱོད་ལམ་དུ་སླར་ཡང་ཞུགས”སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གཏོད་རོགས་བྱས་ཡོད་ལ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད་ཅིང་།
འདི་ནི་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱིས“མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། བོད་སྐྱོད་ལམ་དུ་སླར་ཡང་ཞུགས་པའི”བྱེད་སྒོ་སྤེལ་བཞིན་པ།
འདི་ནི་སློབ་གླིང་གིས་སྤེལ་བའི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་སློབ་གསོའི་བྱེད་སྒོར་སློབ་གྲོགས་ཚོས་བྱེད་སྒོ་སྤེལ་བཞིན་པ།