ཉེ་ཆར། མངའ་རིས་ས་ཁུལ་གྱིས་གཅིག་སྡུད་དྲིལ་བསྒྲགས་དང་། སྡེ་ཁུལ་དུ་འདྲི་རྩད། ཁོངས་གཏོགས་ཁུལ་དུ་སྐྱོད་པ་སོགས་ཐབས་ལམ་མང་པོ་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཆེན་རྫོང་གིས་བཅའ་ཁྲིམས་ལ་འགྲེལ་བཤད་དང་གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས“དུས་བདེའི་མཚོ་ཆེན་སྐྲུན་རྒྱུ་ཚང་མའི་འགན་འཁྲི་རེད། ཞི་མཐུན་གྱི་མཚོ་ཆེན་ཚང་མས་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཞིང་འབྲོག་མང་ཚོགས་ཚོར་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པས། མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་260ལྷག་ཙམ་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཤོག་ལྷེ་110ལྷག་ཙམ་སྤྲད་པས་མང་ཚོགས་200ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། རུ་ཐོག་རྫོང་ལྷུན་གྲུབ་ཆོས་སྡིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་བྱས་རྗེས་གླེང་བ། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་འབྲེལ་ཡོད་ནང་དོན་ལ་གསལ་འགྲེལ་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བས། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཐད་འཛིན་པའི་རྒྱ་ཆེའི་དགེ་འདུན་པ་ཚོའི་ངོས་འཛིན་ཟབ་ཏུ་ཕྱིན་ཡོད། བྱེད་སྒོ་སྤེལ་རིང་ཆོས་ལུགས་ལས་དོན་སྲོལ་ཡིག་གི་དྲིལ་བསྒྲགས་ཤོག་ལྷེ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཤོག་ལྷེ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ཀློག་དེབ། མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་ཤོག་ལྷེ་སོགས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་52སྤྲད་པ་རེད།