ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དེ་ཉིད་བོད་ཤར་ལྷོའི་མཚམས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི་1200ཟིན་ཞིང་། ཆར་ཆུ་འབེལ་ལ་དུས་བཞིའི་དྲོ་གྲང་སྙོམས་པས་ཞིང་ལས་སྐྱེ་དངོས་ཆུ་འབྲས་དང་། ངང་ལག ཉིང་མོང་སོགས་ཚ་བའི་ཁུལ་གྱི་ཤིང་འབྲས་སྐྱེས་ཀྱི་ཡོད། ཀྲུང་གོའི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མ་ཡིན་པའི་ཆ་ནས“ཡུལ་པདྨ་བཀོད”ཅེས་གྲགས། 2013ལོར། མེ་ཏོག་གི་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ནས“ས་མཐོའི་ཁེར་ཆགས་གླིང་ཕྲན”གྱི་ལོ་རྒྱུས་མཇུག་འགྲིལ་བ་རེད།
མེ་ཏོག་རྫོང་འཕྲེད་ཐིག་བྱང་མའི་ཏུའུ་30ཙམ་དུ་གནས་པ་དེ་ཀྲུང་གོའི་ཨན་ཧྭའི་ཇ་ནག་དང་། ཤིས་ཧུའི་ཇ་ལུང་ཅིང་། ཧོང་ཧྲན་གྱི་ཇ་མའོ་ཧྥུང་སོགས་གྲགས་ཅན་ཇ་ཐོན་སའི་འཕྲེད་ཐིག་དང་ཉེ་བ་མ་ཟད། མིག་སྔར་འཛམ་གླིང་ཐོག་ཇ་ལོ་ཐོན་ས་ཡག་ཤོས་དང“ཇ་རྩེ་གྲའི་ཕ་ཡུལ”ཞེས་གྲགས་པའི་རྒྱ་གར་གྱི་ཨ་ས་མུའུ་རྒྱལ་ཕྲན་དང་དེ་བཞིན་ཏ་ཅི་ལིན་ས་མཐོ་དང་བར་ཐག་ཉེ་བའི་ཁར་རང་བྱུང་ཆ་རྐྱེན་ཡང་ཧ་ལམ་འདྲ་པོ་ཡོད། ས་རྒྱུ་དང་ཆུའི་སྤུས་ཚད་སོགས་ལ་སྦགས་བཙོག་མེད་པས་གཞི་ཁྱོན་ཆེན་པོའི་སྒོ་ནས་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྐྱེ་ལྡན་རྩི་ཤིང་འདེབས་པའི་ཁོར་ཡུག་ཡག་པོ་ཡོད་སྟབས་རྩེར་སོན་གྱི་ཇ་ལོ་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད།
ཧྥུའུ་ཅན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མེ་ཏོག་གི་དམིགས་བསལ་གནམ་གཤིས་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་2012ལོ་ནས་བཟུང་། ས་གནས་དེ་གར་ཇ་ལོ་ཚོད་འདེབས་རིམ་བཞིན་བྱས་པ་མ་ཟད། ཚོད་ལྟའི་ཇ་ཞིང་ར་བ་ཐོག་མའང་བཙུགས་པ་རེད། 2013ལོར། རྫོང་དེས་ཇ་ལོ་ཞིང་འབྲོག་གི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་ལ་གཏན་འཁེལ་བྱས་ཏེ་2015ལོར་ཇའི་ཁེ་ལས་ཤིག་ནང་འདྲེན་བྱས་པས། 2016ལོར་ཇ་ལོ་ཁག་དང་པོ་འཐུ་རྒྱུ་བྱུང་ཡོད། “མེ་ཏོག་གི་གནམ་གཤིས་ཆ་རྐྱེན་ཇ་ལོ་འདེབས་རྒྱུར་ཧ་ཅང་འཚམ་ལ་ཇའི་སྤུས་ཚད་ཀྱང་ཧ་ཅང་ཡག་པོ་ཡོད”ཅེས་ལས་དོན་རུ་ཁག་གི་འགན་འཁུར་བས་བཤད། ད་ཆ་མེ་ཏོག་རྫོང་དུ་ལས་སྣོན་བཟོ་གྲྭ་བཙུགས་ཏེ་ཇ་འདེབས་འཛུགས་དང་ལས་སྣོན་བྱེད་པ་ནས་ཕྱིར་ཚོང་བྱེད་པའི་བར་ཚད་ལྡན་ཅན་རིམ་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།
མིག་སྔའི་བར། ཁག་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཐུན་མོང་འབད་བརྩོན་འོག་མེ་ཏོག་རྫོང་གིས་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ཞིང་ར་བ་32བསྐྲུན་པ་དང་། འདེབས་འཛུགས་བྱས་པའི་ཇ་ལོའི་སྣ་ཁ་གཙོ་བོ་ཇ་ཧྥུའུ་ཏིང་ཏ་པའེ་དང་། ཇ་ཐེ་ཀོན་དབྱིན། ཇ་ཁྲུའུ་ཡེ་ཆི་སོགས་སྣ་ཁ་མང་པོ་ཡོད་པ་དེ་ཡང་། མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། འབྲས་སྤུངས་ཤང་། སྟག་མོ་ཤང་། སྤང་ཞིང་ཤང་སོགས་ཤང་དང་གྲོང་རྡལ་5དང་འབྲེལ་བ་ཡོད་ཅིང་། དེའི་གྲས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་260ཡི་མི་གྲངས་1138ལ་ཕན་པ་ཐོབ་ཡོད། 2019ལོར་ང་ཚོས་མེ་ཏོག་ཏུ་མུའུ་ཁྲིའི་ཇ་ཞིང་ར་བ་འདེབས་འཛུགས་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན།
བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོ་ནས་བཟུང་། མེ་ཏོག་རྫོང་གིས་རིམ་རྩིས་བྱས་ན། ཇ་ལོ་སྔོན་པོ་རྒྱ་མ་ཁྲི་12ལྷག་ཙམ་བཏུས་ནས་འབབ་འཕར་སྒོར་ཁྲི་500ཙམ་བྱུང་སྟེ་ཞིང་འབྲོག་པས་ལས་ཞུགས་ངལ་རྩོལ་དང་དེ་བཞིན་ཇ་ལོ་སྔོན་པོ་བཏུས་པ་སོགས་བྱས་པར་འབབ་འཕར་སྒོར་ཁྲི་6000ལྷག་ཙམ་བྱུང་ཡོད་པ་རེད།