དབུ་ཤོག>གསར་འགྱུར།
  • སློབ་མ་གཅིག་ཀྱང་མ་ལུས་པར་འཕེལ་རྒྱས་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-10

    སློབ་འགོ་ཚུགས་པའི་གཟའ་འཁོར་དང་པོར་ནང་དོན་གསར་རྐྱང་ཡིན་པའི་སློབ་གཞི་ཞིག་ལ་རྒྱལ་རྩེ་རྫོང་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཆེའི་སློབ་མ་ཚོས་གདེང་འཇོག་ཡག་པོ་ཐོབ་པ་སྟེ། སློབ་གཞི་དེའི་མིང་ལ《མཛེས་སྡུག་ལྡན་པའི་རྒྱལ་རྩེ》ཟེར་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་བབ་མཚོན་པའི་ཀུན་སྤྱོད་སློབ་གསོའི་ཀློག་དེབ་དང་པོ་ཡིན་པ་རེད།

    སློབ་གཞི་འདིའི་རྩོམ་སྒྲིག་པ་གཙོ་བོའི་གྲས་ཤིག་ནི་བོད་སྐྱོར་ལས་བྱེད་པ་དང་། རྒྱལ་རྩེ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྒྱལ་རྩེ་རྫོང་མིང་ཧང་སློབ་འབྲིང་གི་བོད་སྐྱོར་སློབ་སྤྱི་བཅས་ཡིན་པའི་ཀུའོ་ཧྲུའུ་པའོ་ཡིན་པ་རེད།

    2016ལོའི་ཟླ་དྲུག་པར། ཧྲང་ཧའེ་ཕུའུ་ཏུང་གི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་གྲས་ཡིན་པའི་ཀུའོ་ཧྲུའུ་པའོ་ཡིས་རྒྱལ་རྩེར་འབྱོར་བ་ནས་བཟུང་། དབྱར་ཁའི་གུང་གསེང་དང་དགུན་ཁའི་གུང་གསེང་རིང་ལ་ཡང་ངལ་གསོ་མ་བརྒྱབ་པར་ལས་ཀ་བྱས་པ་རེད།

    རྒྱལ་རྩེ་རྫོང་མིང་ཧང་སློབ་འབྲིང་ནི་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་གྲགས་ཅན་ཞིག་ཡིན་ལ། དེར་སློབ་མ་1400ལྷག་ཙམ་དང་དགེ་རྒན་130ལྷག་ཙམ་ཡོད་པ་རེད།

    ཀུའོ་ཧྲུའུ་པའོ་ཡིས་སློབ་གྲྭའི་དགེ་རྒན་ཚོ་དང་མཉམ་དུ་བཞུགས་མོལ་དང་། བརྟག་ཞིབ་དང་། ཕྱོགས་ཡོངས་ལ་བསམ་གཞིག་བྱས་པ་བརྒྱུད“ཀུན་སྤྱོད་སློབ་གསོ་ཨང་དང་པོར་འཛིན་པ་དང་། མི་སྣ་གསོ་སྦྱོང་རྩ་བར་འཛིན་པ། སློབ་ཁྲིད་གཙོ་བོར་འཛིན་པ། ཚན་ཞིབ་སྔོན་དུ་འཇོག་པ། དོ་དམ་འགན་ལེན་དུ་བྱེད་པ”བཅས་ཀྱི་སློབ་གྲྭ་གཉེར་བའི་མཛུབ་ཁྲིད་བསམ་བློ་གཏན་འཁེལ་དང་། “སློབ་མ་གཅིག་ཀྱང་མ་ལུས་པར་འཕེལ་རྒྱས་ཡོང་བའི”སློབ་གྲྭ་གཉེར་བའི་འདུ་ཤེས་བཏོན་ཞིང་། “སློབ་གྲྭའི་ཁོར་ཡུག་ལེགས་པ་དང་། དགེ་སློབ་ཀྱི་གོམས་གཤིས་ལེགས་པ། སློབ་གཉེར་སྤུས་ཚད་ལེགས་པ། སྤྱི་ཚོགས་ཐོག་སྙན་གྲགས་ཆེ་བ”བཅས་ཀྱི་སློབ་གཉེར་དམིགས་ཚད་ཁ་གསལ་བཟོས་ཁར། སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

    སློབ་གྲྭའི་འཕེལ་རྒྱས་ནི་མཐར་གཏུགས་ན་དགེ་རྒན་ལ་བརྟེན་དགོས། རྒྱལ་རྩེ་རྫོང་མིང་ཧང་སློབ་འབྲིང་གི་དགེ་རྒན་གྱི་སློབ་བུ་གསོ་སྐྱོང་གི་ནུས་པ་ཇི་ལྟར་ཆེ་རུ་གཏོང་བ་ནི་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩར་གྱུར་ཡོད།

    དགེ་རྒན་ལ་དོ་དམ་དང་གསོ་སྐྱོང་ཐད་ཀུའོ་ཧྲུའུ་པའོ་ཡིས་དམིགས་བསལ་གྱི་བྱ་ཐབས་འགའ་བཏོན་པ་སྟེ།

    གྲགས་ཅན་དགེ་རྒན་དཔྱད་འདེམས་ཀྱི་འདུ་འགོད་སྒྲིག་འཛུགས་ཀྱིས་སྤེལ་ཏེ་གྲགས་ཅན་དགེ་རྒན་གསོ་སྐྱོང་གི་བརྒྱུད་རིམ་ལ“དགེ་རྒན་གསར་པ་ནས་རྐང་འཛིན་དགེ་རྒན་དང་། རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ། མཁས་དབང་རྣམ་པའི་དགེ་རྒན”བཅས་དུས་མཚམས་བཞི་རུ་དབྱེ་ཞིང་། གྲགས་ཅན་དགེ་རྒན་ལས་དོན་ཁང་གི་གསོ་སྐྱོང་ནུས་པ་འདོན་སྤེལ་བྱས་ནས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་གསོ་སྦྱོང་ལས་དོན་ལ་སྐུལ་ཁྲིད་བྱས་ཡོད། གཞན་ཡང་ཀུའོ་ཧྲུའུ་པའོ་ཡིས་བོད་སྐྱོར་མ་དངུལ་སྤྱད་དེ་སློབ་གྲྭའི་དགེ་རྒན་ཡོངས་ལ་གློག་ཀླད་སྤྲད་ནས་མི་རེར་གློག་ཀླད་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཀུའོ་ཧྲུའུ་པའོ་དང“རོགས་སྐྱོར་བྱེད་མཁན”ཚོས་རྒྱལ་རྩེ་རྫོང་ལ་སློབ་གསོའི་རྟེན་རྫས་བཤམས་མཛོད་ཁང་བརྒྱབ་སྟེ་རྫོང་ཡོངས་ཀྱི་སློབ་འབྲིང་དུ་བྱང་ཚད་སློབ་གསོ་ཁྱབ་གདལ་གཏོང་བར་ལྕག་སྐུལ་བྱས་པ་རེད། ཁོང་གནས་སའི་རྒྱལ་རྩེ་རྫོང་མིང་ཧང་སློབ་འབྲིང་གིས་ད་དུང་ཚན་རྩལ་ཚོགས་པ་དང་། ཁོར་ཡུག་སྲུང་སྐྱོང་ཚོགས་པ། བགྲོ་གླེང་ཚོགས་པ། ཡིག་གཟུགས་ཚོགས་པ། རྐང་རྩེད་སྤོ་ལོའི་ཚོགས་པ་སོགས་སློབ་མའི་ཚོགས་པ་བཅུ་གཅིག་བཙུགས་པ་དང་འབྲེལ་ཆེད་བསྐོས་མཛུབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱས་པ་རེད།

    “ལོ་གསུམ་རིང་སློབ་སྤྱི་ཀུའོ་ལགས་ཀྱི་སྣེ་ཁྲིད་འོག་དེ་སྔ་སྡིངས་ཆའི་ཐོག་སྐད་ཆ་ཤོད་པར་སྐྱེངས་པའི་ཕྲུ་གུ་ཚོས་ཚོགས་པའི་ནང་སྦྱོང་བརྡར་བྱས་པ་བརྒྱུད་བློ་ཁོག་ཆེན་པོ་ཆགས་པ་དང་། དེ་སྔ་རང་ཉིད་ལ་ཡིད་ཆེས་མེད་པའི་རྗེས་ལུས་སློབ་མར་ཡང་དམིགས་བསལ་འཇོན་ཐང་ལྡན་པའི་འཛིན་གྲྭར་གསོ་སྐྱོང་བྱས་པ་བརྒྱུད། རང་གིས་རང་ལ་ཡིད་ཆེས་ཆེན་པོ་ཆགས་ཡོད”ཅེས་སློབ་སྤྱི་ཀུའོ་ཧྲུའུ་པའོ་ཡིས་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བཏང་བར་དགེ་རྒན་ལྷག་པ་ལགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་པ་རེད།

    རྒྱལ་རྩེ་རྫོང་གྲོང་གི་ས་བབ་མཐོ་ཚད་ཆ་སྙོམས་སྨི་4080ཟིན་པ་དེ་ཀུའོ་ཧྲུའུ་པའོ་ཡི་ཕ་ཡུལ་ཧྲང་ཧའེ་གྲོང་ཁྱེར་དང་བསྡུར་ན་སྨི་4000ཙམ་གྱིས་མཐོ་བས། ཀུའོ་ཧྲུའུ་པའོ་ལ་རྒྱུན་དུ་མགོ་ན་བ་དང་། གཉིད་མི་ཁུག་པ་སོགས་བྱུང་ཞིང་། ཁོང་གི་ཤུག་ལྕོག་ནང་ས་མཐོར་འཕྲོད་པའི་སྨན་དང་། གཉིད་སྨན། ན་ཟུག་གཅོག་པའི་སྨན་སོགས་ཀྱིས་ཁེངས་ཡོད།

    “དཀའ་ངལ་ཇི་ཙམ་ཆེ་ནའང་ང་ཚོས་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་སྟེ་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ལས་སྟེགས་ཡག་པོ་འཛུགས་རྒྱུ་ཡིན”ཞེས་ཀུའོ་ཧྲུའུ་པའོ་ཡིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།