
དཔྱིད་ཀར་མེ་ཏོག་བཞད་པའི་དུས་སུ། གངས་ལྗོངས་ས་མཐོར་སློབ་གྲྭ་ཁག་གིས་སློབ་གསོ་སློབ་ཁྲིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་བ་དེས་སློབ་གྲྭའི་མི་རིགས་ཁག་གི་དགེ་སློབ་དབར་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ་བཅས་ལ་སྐུལ་མ་ཐེབས་པ་མ་ཟད། ད་དུང་མི་རིགས་ཁག་གི་དགེ་སློབ་ཚོའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་སེམས་ཀྱང་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུར་འགྲིལ་ཤུགས་ཆེ་རུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་ཐེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སློབ་གྲྭ་ཡོངས་སུ་བཞད་ཅིང་།
འདི་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཚོས་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ་དང་། སྙིང་གཏམ་ཤོད་རེས། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་ཁག་གི་སློབ་མ་དང་སྤེལ་རེས་དང་བརྩེ་སེམས་ཟབ་ཏུ་གཏོང་བའི་གནས་ཚུལ་ཡིན་པ།