དབུ་ཤོག>གསར་འགྱུར།
  • ས་མཐོར་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ལྡན་པའི་བསྟོད་གླུ་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-10

    མདོ་གནད། 

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། བཞེད་པ་གསར་པ། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་ཀྱི་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཕུགས་ཕན་ཅན་བཅས་ཀྱི་ཆུ་ཚད་ཧྲིལ་པོ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    དྲིལ་བསྒྲགས་དང་སློབ་གསོར་སྣང་ཆེན་གྱིས་མི་རིགས་ལས་དོན་ལ་འཛིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ངོས་འཛིན་མཐོ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས། ད་དུང་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱ་རྒྱུ་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་ཁྲིད་རྒྱུ་ཟུང་འབྲེལ་བྱེད་པ་དང་། གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱེད་པ། ཚན་པའི་མངོན་གསལ་དོད་སར་འཕྲེད་འགེལ་ཡི་གེ་བཀལ་བ་དང་སྦྱར་ཡིག་སྦྱར་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ“ཐུན་མོང་ཐོག་གཉིས”དང་། “ཁ་འབྲལ་ཐབས་མེད་པ་གསུམ” “འདུ་ཤེས་བཞི” “མོས་སེམས་ལྔ”སོགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ“མི་རིགས་མཐུན་སྒྲིལ་ལ་དམ་འཛིན་བྱེད་པ་ནི་བརྟན་ལྷིང་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི”འདུ་ཤེས་བརྟན་པོ་ཆགས་པ་བྱས་པ་རེད།

    འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་བཟོ་བའི་འགལ་ཟླ་དང་རྩོད་རྙོག་གང་ལེགས་བསལ་བ།

    ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་ལེན་ཧུར་ཐག་བསྟར་ནས། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཐོག རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་དང་བློ་ཐག་ཆོད་པོས་གསར་འབྱེད་ཡར་བརྩོན་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་པ་དང“བློ་བརྟན་འགྱུར་མེད་ལྔར”དམིགས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགན་སྲུང་དུ་བྱས་ཏེ་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྡེ་ཚན་དང་ཚན་པ་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་པས། མི་རིགས་ལས་དོན་གྱི་མཉམ་ཤུགས་ཧྲིལ་པོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མི་རིགས་མཐུན་སྒྲིལ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་མི་རིགས་ལས་དོན་དེ་གྲོས་རིམ་གལ་ཆེན་ནང་བཅུག་ཐོག་ལོ་ལྟར་ཏང་ཙུའི་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་མི་རིགས་ལས་དོན་ཁྲོད་ལྷག་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པ་རེད།

    གཡུལ་ས་འཛུགས་སྐྲུན་རྒྱ་སྐྱེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོར་ཤུགས་སྣོན་བརྒྱབ་པ།

    དུས་ཡུན་རིང་པོའི་ནང་། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གཡུལ་ས་རྒྱ་སྐྱེད་ཧུར་ཐག་བཏང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ལས་བྱེད་པ་རྒན་གྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    —— དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི“ལས་འགན་ཁག་བདུན”དོན་འཁྱོལ་ནན་ཏན་བྱས་ཡོད། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་གཞི་རིམ་མང་ཚོགས་ཁྲོད་དུ་བསྐྱོད་དེ་གྲོང་ཚོར་བཅའ་སྡོད་བྱ་ཡུལ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་ཕན་ཞིང་ཕྱུག་སྐོར་གྱི་ཏང་གི་སྲིད་ཇུས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཞིང་འབྲོག་མང་ཚོགས་ལ་བོད་གསར་རྙིང་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་ཤེས་རྟོགས་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་བཀའ་དྲིན་ཚོར་དུ་བཅུག་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་བཏང་བ་མ་ཟད། ད་དུང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་སེམས་ནུས་ཡོད་རྒུས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།