ལོ་20ལྷག་ཙམ་རིང་། བོད་སྐྱོར་མི་སྣ་ཁག་གིས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་དཔུང་པ་མཉམ་གཤིབ་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ཞུགས།
ང་ལ་གང་དུ་སྟབས་མི་ལེགས་པའི་གནས་ཚུལ་འཕྲད་ཚེ་དེ་གར་སྦས་རོགས —1994ལོའི་ཟླ་2ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་3པར། ཁུང་ཧྥན་སེན་གྱི་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད། ཟླ་9སོང་རྗེས། ཁོང་གིས་རང་ཉིད་ཀྱི་ཕ་ཡུལ་ཧྲན་ཏུང་ལེའོ་ཁྲེང་དང་བར་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཡོད་པའི་བོད་དུ་ཚེ་སྲོག་ལེགས་སྐྱེས་སུ་ཕུལ།
དྭངས་གསལ་དུས་ཚིགས་ཀྱི་སྐབས་འདིར། ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཆུང་ངུར་གནས་པའི་རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་ཁང་ནང་གསར་འགོད་པས་ཁུང་ཧྥན་སེན་གྱི་ཉིན་ཐོ་བསྐྱར་དུ་ཀློག་སྐབས་སྔར་བཞིན་མིག་ཟུང་མཆི་ཞག་གིས་ཁེངས།
འགྲམ་གྱི་བོད་རིགས་གཅེན་པོ་ཞིག་གིས་སྐྱོ་སྣང་ཆེན་པོས་ཐལ་མོ་སྙིང་ཁར་སྦྱར་ཏེ་སྐུ་གཤེགས་པའི་ཧྲུའུ་ཅི་ཁུང་ཧྥན་སེན་ལ་གསོལ་བ་སྨོན་ལམ་འདེབས་བཞིན་འདུག
1994ལོར་ཁུང་ཧྥན་སེན་སྐུ་གཤེགས་པའི་ལོ་དེར་ཀྲུང་དབྱང་གིས“ཡུག་བགོས་འགན་ཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་ལྟར་རེས་མོས”བཅས་ཀྱི་བྱེད་སྟངས་གཞིར་བཟུང་། བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུའི་གཏན་འབེབས་གནང་། ལོ་20ལྷག་ཙམ་རིང་། བོད་སྐྱོར་མི་ཁག་གིས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་དཔུང་པ་མཉམ་གཤིབ་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ཞུགས།
རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་ཁང་ནང་། རི་འཛེག་གི་འཁར་བ་དང་། ཆར་འགེབས་ཀྱི་སྨྱུག་ཞྭ། སྲིང་བལ་སྟོད་གོས་བཅས་བཤམས་སྟོན་བྱས་ཡོད་པ་མ་ཟད། ད་དུང་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་དང་། ནད་བཅོས་སྲོག་སྐྱོབ་ཀྱི་གོས་དར། བརྙན་པར་ཁྲོད་གངས་ལྗོངས་ས་མཐོའི་སྔ་དེང་བསྡུར་བ་བཅས་སྟོན་ཡོད་པ་དང་། དེ་བཞིན་དྲན་འཆར་སྙན་ཚིག་དེབ་རེ་རེ་བཞིན་དང་ནང་མིའི་ཡི་གེ་དང་ཉིན་ཐོ་རེ་རེ་བཞིན་བཤམས་སྟོན་བྱས་ཡོད་པ་རེད།
“བོད་དུ་འགྲོ་རྒྱུ་ནི་ལས་འགན་ཡིན་ལ་གཟི་བརྗིད་མཚན་སྙན་ཞིག་ཀྱང་རེད”ཅེས་ན་གཞོན་སྨན་པ་ཀྲའོ་ཅུས་ཀྱིས་བཤད།
2016ལོའི་ཟླ་7པར། ཀྲའོ་ཅུས་ཨན་ཧུའེ་ཞིང་ཆེན་གྱི་ཁག་གཉིས་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་པ་དང་བོད་དུ་སླེབས་ནས་ཡུན་རིང་མ་སོང་བའི་ཁོང་ལས་ཀ་བྱེད་རིང་གློ་བུར་དུ་ཀླད་རྩའི་སྐྲན་རྡོལ་ནས་དྲན་པ་ཐོར་བ་དང་། དེ་རྗེས་ཀླད་རྩ་ཉམས་ནས་ཁོང་གིས་ཁ་ཆེམས་ལྟར་ནང་མིས་དབང་པོ་ཞལ་འདེབས་འབུལ་བའི་མོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད།
ཉིན་ཞིག་གི་ཞོགས་པ། ཀྲའོ་ཅུས་གཤགས་བཅོས་ཁང་དུ་དབོར་ནས་ཁོང་གི་དབང་པོ་མང་པོ་ཞིག་འཕྲལ་མཁོ་ཆེ་བའི་ནད་པར་སྤོ་འཛུགས་བྱས་ཏེ་གཅིན་དུག་ནད་ཕོག་ནས་ཡུན་རིང་སོང་བའི་ནད་པ་ཞིག་ལ་མཁལ་མ་བརྗེས་པ་དང་མིག་སྐྱི་བརྗེས་ནས་ལོང་བ་གཉིས་བསྐྱར་དུ་འོད་ཟེར་མཐོང་ཐུབ་པ་བྱུང་བ་རེད།
ལོ་41ལ་སླེབས་པའི་ཀྲའོ་ཅུས་ཀྱི་མི་ཚེ་རྫོགས་མོད། ཁོང་གི་ཚེ་སྲོག་གི་བཀྲག་མདངས་སྔར་བཞིན་འཚེར་བཞིན་ཡོད།
“ཚེ་སྲོག་ཇི་ཙམ་རིང་ཡང་དུས་ཚོད་རྩ་ཆེ་ཤོས་དེ་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལེགས་སྐྱེས་འབུལ་དགོས”ཞེས་ཕུའུ་ཏན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་བརྗོད།
རྩི་ཤིང་རིག་པ་མཁས་ཅན་ཡིན་པའི་ཀྲུང་ཡང་གིས་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་དང་སྲུང་སྐྱོང་ལ་ཡུན་རིང་གཞོལ་བ་དང་། བོད་སྐྱོར་ལོ་མང་བྱེད་རིང་ཉིན་ལྟར་ཆུ་ཚོད་20ཙམ་ལས་ཀ་བྱས་ཏེ་དཔྱད་རྩོམ་དུ་མ་སྤེལ་ཡོད།
2015ལོའི་ཟླ་5པར། ཀྲུང་ཡང་གྲིབ་སྐྱོན་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ། ཉེན་ཁ་ཆེ་བའི་དུས་སུའང་ཁོང་གིས་བོད་སྐྱོར་ལས་དོན་སྐོར་གྱི་བསམ་གཞིག་སྐོར་བཤད་དེ་གཞན་ལ་ཟིན་ཐོ་བཀོད་ནས་ཏང་རྩ་འཛུགས་ལ་འབུལ་དུ་བཅུག ལོ་གཅིག་སོང་རྗེས། ཁོང་གིས་སྨན་པའི་ཁ་ཏར་མ་ཉན་པར་སླར་ཡང་ས་མཐོར་ལོག་པ་དང་། 2017ལོའི་ཟླ་9པར། གཞུང་དོན་དུ་འགྲོ་བའི་ལམ་བར་འཁོར་འཛོལ་ཐོན་ནས་ལོ་53ལ་སླེབས་པའི་ཀྲུང་ཡང་སྐུ་གཤེགས་པ་རེད།
ཧྲའོ་ཧའེ་ཡུན་དང་། པོའོ་ཆོན་ཀྲེ། ཧོ་ཝུན་དབྱིན། ལི་ཏེང་གོ ཝང་ཤིན་གོ ཁྲེན་པའེ་ཤིན། ཧན་ཝུའེ། ཁྲེན་ཡུན་ཧྲུའུ། ཀྲང་ཡུས། ཝང་ཝེ་ཏུང་། ཀན་ཨའེ་ཀྲུང་། ཡན་ཀོང་ཡུས། དབྱང་ཅན་ཝུའེ་སོགས་རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་སྟོན་ཁང་ནང་སྔོན་གཤེགས་དཔའ་བོའི་མཚན་རེ་རེ་བཞིན་བཀོད་ཡོད། ཁོང་ཚོ་ལས་གནས་ཐོག་སྐུ་གཤེགས་རྐྱེན་མི་མང་པོ་ཞིག་ཁ་ཆེམས་གང་ཡང་འཇོག་ཁོམ་བྱུང་མེད། འོན་ཀྱང་ཁོང་རྣམ་པའི་རླབས་ཆེ་བའི་ཆོད་སེམས་དང་སྙིང་སྟོབས་ལ་ཀླུང་གང་སར་ཁྱབ་ཡོད། ཁོང་ཚོ་འདས་པོའི་འདྲ་པར་མདུན་དུ་མི་རྣམས་ཀྱིས་ཁ་བཏགས་དང་མེ་ཏོག་སོས་པ་ཕུལ་ནས་གུས་བཀུར་དང་མྱ་ངན་ཟབ་མོ་ཞུ་ལུགས་མཚོན་པར་བྱས་ཡོད།
དེང་གི་བོད་ལྗོངས་སུ་མི་རེའི་ཆ་སྙོམས་ཚེ་ཚད་སྔོན་དཔག་བྱས་ན་ལོ་68.2བར་འཕར་བ་དང་། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ། ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ལས་ཚད་བརྒལ་བྱུང་བ། མི་འབོར་དབུལ་པོ་ཁྲི་15ལས་ལྷག་མེད་པ་དེ་ཡང་2020ལོར་དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་བཅས་དེ་དག་ནི་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླས་མཉམ་དུ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། དེའི་ཁྲོད་ད་དུང་བོད་སྐྱོར་མི་སྣ་ཁག་གིས་རྔུལ་ཆུ་དང་ཁྲག་དྲོན་ཡང་བཏོན་ཡོད།
བོད་དུ་འབྱོར་འབྲིང་མངོན་འགྱུར་ཡོང་བར་བྱེད་པར་ལེགས་སྐྱེས་འབུལ་སྤྲོ་བ་དང་རང་སྲོག་བློས་གཏོང་ཕོད་པའི་ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ནས་མདུན་སྐྱོད་བྱེད་དགོས་ཀྱི་ཡོད།