དབུ་ཤོག>གསར་འགྱུར།
  • ​ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཝ་པ་གླིང་སྡེ་ཁུལ་གྱི་མི་རིགས་སྒོ་ར་ཆེ་མོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-28

    ལྷ་སར་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རང་ཉིད་ཀྱི་མིག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་དང་བྱེད་མུས་ཡིན་པས། མཚར་སྡུག་རྣམ་པར་བཀྲ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནི་ལྷ་སའི་བཀྲག་མདངས་འཚེར་ས་ཞིག་ཅི་ལ་མིན།

    གྲོང་མིའི་སྡོད་ཁང་བཞི་ཐོག་གི་སྒོ་ར་ཆེ་མོར་མཉམ་དུ་སྡོད་མཁན་དུད་ཚང་51ཡོད་པ་ལས། པའེ་རིགས་དང་། རྒྱ་རིགས། ཧུད་རིགས། བོད་རིགས་བཅས་མི་རིགས་4ཡོད། མི་རིགས་སོ་སོའི་གྲོང་མིའི་འཚོ་བའི་གོམས་གཤིས་མི་འདྲ་བ་དང་སྐད་ཆ་མི་འདྲ་རུང་། ལོ་མང་རིང་ཚང་མ་ཕན་ཚུན་མཐུན་སྒྲིལ་རོགས་རེས་དང་ཞི་མཐུན་མཉམ་གནས་ངང་གནས་ཡོད།

    “སྒོ་རའི་ནང་གི་ཁྱིམ་ཚང་ཚང་མ་འཆམ་པོ་ཡོད། སུའི་ཁྱིམ་ལ་བཀྲ་ཤིས་བྱ་བ་བྱུང་ན་ཚང་མས་མཉམ་དུ་དགའ་པོ་བྱེད་པ་དང་། སུའི་ཕྲུ་གུར་གནས་སྐབས་ལྟ་རྟོག་བྱེད་དགོས་ཚེ། ཚང་མས་མཉམ་དུ་ལྟ་རོགས་བྱེད་ཀྱི་ཡོད། ལྷགས་པ་རྒྱག་པ་དང་ཆར་པ་འབབ་པའི་སྐབས་སུ་ཕྱིར་སྐམ་པའི་གྱོན་གོས་སོགས་ལུས་པ་མཐོང་ཚེ་བསྡུ་རོགས་བྱེད་ཀྱི་ཡོད་ཅིང་། ཕན་ཚུན་ཐུག་སྐབས་འཚམས་འདྲི་བྱེད་པས་སེམས་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཡོང་གི་འདུག”ཅེས་གྲོང་མི་སྤེན་པ་སྒྲོལ་མས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    དུས་ཆེན་སྐབས་སྒོ་རའི་ནང་དུ་དེ་བས་འཁྲུག་ཆ་དོད་ཅིང་། མི་རིགས་སོ་སོའི་དུས་ཆེན་འཆར་སྐབས་གྲོང་མི་ཚང་མས་མཉམ་དུ་གྲ་སྒྲིག་བྱེད་པ་དང་མཉམ་དུ་དུས་ཆེན་གཏོང་གི་ཡོད།

    འདི་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་འཁེལ་བས་གྲོང་མི་ཝང་ཅན་གོ་དང་སྤེན་པ་སྒྲོལ་མ་ལྟ་བུའི་བོད་རྒྱ་མི་རིགས་གཉིས་ལྡན་གྱི་ཁྱིམ་ཚང་ལ་མཚོན་ན་དེ་བས་དོན་སྙིང་ལྡན་པའི་ལོ་གསར་ཞིག་རེད། ལོ་གསར་གནམ་གང་གི་དགོང་མོར་ཁོང་གཉིས་ཀྱིས་ཆུ་མོག་བཟོ་བ་དང་དགུ་ཐུག་གྲ་སྒྲིག་བྱས་པ་མ་ཟད། སྒྲོག་ཙེའི་སྟེང་དུ་ད་དུང་ཇ་བསྲུབས་མ་དང་། ཤ་སྐམ་པོ། ཚལ་བརྔོས་མ་བཅས་མང་པོ་སྒྲིག་བཤོམས་བྱས་ཡོད།

    azgl93214.jpg

    སྒོ་རའི་ནང་དུ་སྡོད་མཁན་ཕྱེད་ཀ་ཕྱོགས་མི་ཡིན་མོད། ཡིན་ནའང་མི་རིགས་ཁག་དབར་གྱི་གྲོང་མི་སྔར་བཞིན་འཆམ་པོ་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་འཆར་ཉེའི་མཚམས་སུ་ལོ་72ལ་སླེབས་པའི་སྡེ་ཁུལ་གྱི་གྲོང་མི་པད་མ་དབྱངས་འཛོམས་ཀྱིས“ལོ་ལྟར་གྱི་ཉིན་མོ་དེར་སྒོ་རའི་གྲོང་མི་ཚང་མ་མཉམ་དུ་འཛོམས་ནས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ་དང་རྒན་རྒོན་ཚོས་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་བརྗོད་ནས་ང་ཚོར་དེང་གི་འཚོ་བར་གཅེས་སྤྲས་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ཆའི་བདེ་སྐྱིད་འཚོ་བར་དེ་བས་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།