ལོ་16གོང་བོད་ཀྱི་ཕོ་གཞོན་ཚེ་དབང་རིག་འཛིན་གྱིས་བརྩེ་དུང་གི་མདུད་པ་དམ་པོར་བཅིངས་པའི་རང་གི་མཛའ་གྲོགས་ཀྱི་ཆེད་དུ་ཕ་ཡུལ་ཡུན་ནན་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་ནས་ལེ་དབར་བརྒྱ་ཕྲག་ཆོད་པའི་ཀྲེ་ཅང་ཐའེ་ཀྲོའུ་ཧོང་ཡན་ཕྱོགས་སུ་བསྐྱོད། 2005ལོར་ཁོང་བཟའ་ཚོས་ཚོད་ལྟའི་ཡོ་ཆས་བཟོ་གྲྭ་བཙུགས་པ་དང་། རྗེས་ཀྱི་ལོ་བཅུ་གྲངས་ནང་ཁོང་གཉིས་པོའི་ཁེ་ལས་ལ་ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱི་ཐུགས་ཁུར་དང་རོགས་རམ་འོག་ཚོང་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་ཕྱིན།
འཚོ་བ་བདེ་སྐྱིད་ལྡན་ལ་བྱ་གཞག་དར་ཞིང་རྒྱས་པ་བྱུང་། དྲིན་ཚོར་གྱི་སེམས་པ་དང་ཕ་ཡུལ་ལ་བརྩེ་བ་ཟབ་མོ་འཆང་བའི་ཚེ་དབང་རིག་འཛིན་གྱིས་སྤྲོ་སེམས་མཐའ་དག་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་བཞག་པ་དང་མིག་རྒྱང་གྲངས་ཉུང་མི་རིགས་ཀྱི་གཅེན་གཅུང་མིང་སྲིང་ཚོར་ཕྱོགས།
རང་རྐྱ་འཕེལ་བ་དང་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་པའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་ལས་གཏོད་དབུལ་སྒྲོལ་དང་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རོགས་རམ་བྱ་ཆེད། ཚེ་དབང་རིག་འཛིན་གྱིས“རུན་ལན་རོགས་སྐྱོར་ཐེབས་རྩ”བཙུགས་པ་རེད།
ཐའེ་ཀྲོའུ་ཧོང་ཡན་པ་ཀོ་ཏ་ཟ་ཁང་གིས་2018ལོའི་ལོ་སྟོད་དུ་ཡན་ལག་ཚོང་ཁང་གཉིས་པ་བཙུགས་པ་དང་། “རུན་ལན་རོགས་སྐྱོར་ཐེབས་རྩས”ཐོག་མར་རོགས་སྐྱོར་མ་དངུལ་སྒོར་ཁྲི་10གཡར་ནས་ཧུའེ་རིགས་སྤུན་ཟླར་ལས་གཏོད་རྒྱབ་སྐྱོར་བྱས། གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་སྐབས་ས་ལར་རིཌ་ཀྱི་སྤུན་ཟླ་ཧན་ཀྲུང་ཏེའི་ཚོང་ཁང་སྤོ་དགོས་འཁེལ་བས“རུན་ལན་རོགས་སྐྱོར་ཐེབས་རྩ”ཡིས་རོགས་སྐྱོར་དངུལ་སྒོར་5000བཏང་ནས་གསར་དུ་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།
ཚེ་དབང་རིག་འཛིན་གྱིས་ཁེ་ལས་འཕེལ་རྒྱས་བྱུང་ན། དྲིན་ཚོར་གྱི་སེམས་པ་བཅངས་ནས་སྐྱེ་ཁུངས་བརྗེད་རྒྱུ་མེད། ཁོང་གིས་ཧོང་ཡན་དུ་གྲངས་ཉུང་མི་རིགས་མང་ཚོགས་ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཁོང་རང་ཉིད་ཀྱི་ཀུང་སིར་ལས་བཟོ་150ཡོད་པ་ལས་གྲངས་ཉུང་མི་རིགས་བརྒྱད་ཀྱི་སྤུན་ཟླ་26ཡོད། ཀུང་སིས་མི་སྣ་གསོ་སྐྱོང་གདམ་གསེས་དང་རྒྱུན་གཏན་གྱི་དོ་དམ་ལམ་ལུགས་ལག་ལེན་བསྟར་སྐབས་གྲངས་ཉུང་མི་རིགས་ཀྱི་ལས་བཟོར་གཟིགས་སྐྱོང་བྱེད་པ་དང་། མི་རིགས་ཀྱི་དུས་ཆེན་སྐབས་ཁོང་ཚོར་དམིགས་སུ་བཀར་ནས་འཚམས་འདྲི་བྱེད་ཀྱི་ཡོད་པ་རེད།
ཀུང་སིས་ད་དུང་སྒོར་ཁྲི་60ལྷག་ཙམ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ལས་བཟོའི་ཁྱིམ་ཚང་བཙུགས་ཏེ་བོད་རིགས་དང་། འཇང་རིགས། ཐུའུ་ཅ་རིགས། སོག་རིགས་སོགས་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་ཐིང་བཀོད་སྒྲིག་བྱས་ཡོད། རྒྱུན་དུ་མི་རིགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལས་བཟོའི་མཐུན་འབྲེལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྱིམ་ཚང་ཆེན་པོར་དངོས་སུ་གྱུར་བ་བྱས་པ་རེད།
ཚེ་དབང་རིག་འཛིན་གྱིས་ད་དུང་ཆེད་མངགས་བཟོ་ཁུལ་གསར་པར་སྨི་ངོས་གྲུ་800ལྷག་ཙམ་འཆར་འགོད་བྱས་ནས། མི་རིགས་རིག་གནས་འགྲེམས་ཁང་བསྐྲུན་པ་མ་ཟད། སྨི་ངོས་གྲུ་620ལྷག་ཙམ་ཡོད་པའི་མི་རིགས་རིག་གནས་ལས་བཟོའི་བྱེད་སྒོ་ཁང་བསྐྲུན་ཏེ་པར་རིས་དང་དངོས་རྫས་འགྲེམས་སྟོན་དང་མི་རིགས་ཀྱི་འཚོ་བ་ཉམས་ལེན་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་གོས་རྒྱན་དང་། དམངས་སྲོལ་རིག་གནས། མི་རིགས་ལག་ཤེས་སྒྱུ་རྩལ་སོགས་འགྲེམས་སྟོན་བྱས་ཡོད་པ་རེད།
འགྲེམས་ཁང་དང་བྱེད་སྒོ་ཁང་སྒོ་ཕྱེ་ནས་བཟུང་མི་རིགས་མཐུན་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས། ལས་རིགས་ཁག་གི་མི་སྣ་ཁག་དང་ཁག་བྱས་པ་ལྟ་སྐོར་སློབ་སྦྱོང་དང་སྤེལ་རེས་ལ་སྣེ་ལེན་ཞུས་པ་རེད།
ཚེ་དབང་རིག་འཛིན་གྱིས་གཉེར་བའི་ཁེ་ལས་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཟེངས་བསྟོད་ཐོབ་པ་དང་། ཁོང་ལ་ཡང་ཧོང་ཡན་གྱི་ཕྱི་ཕྱོགས་ནས་ཡོང་བའི་ན་གཞོན་ཡག་ཤོས་བཅུ་དང་ཧོང་ཡན་གྱི་ཕུལ་བྱུང་ན་གཞོན་དུ་སྔ་རྗེས་སུ་བདམས་པ་རེད།
( མི་དམངས་ཉིན་་རེའི་ཚགས་པར་ཁང་དུ་མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་པ་གཞིར་བཟུང)