དབུ་ཤོག>གསར་འགྱུར།
  • དབུལ་སྐྱོར་དཀའ་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-22

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད། ས་གནས་དེ་གའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣར་སྣེ་ཁྲིད་དང་སྐུལ་སློང་ཧུར་ཐག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས་པ་རེད།

    རི་ཐང་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་བརྩོན་ལེན་དང་མཐུན་སྦྱོར་ཧུར་ཐག་འོག ལྷུན་རྩེ་རྫོང་ཤིང་ལུང་དབུལ་སྐྱོར་སྐྱེལ་འདྲེན་ཀུང་སི་དང་རྫོང་ནག་བཟོ་སྐྲུན་ཀུང་སིའི་འགན་འཁུར་བ་འཇམ་དབྱངས་ཆོས་གྲགས་ཀྱིས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་12ཀྱི་དུད་ཚང་དབུལ་པོ་500ལ་འཚམས་འདྲི་བྱས་པ་དང་འབྲེལ་ཁྱོན་སྒོར་ཁྲི་102རི་བའི་འཚོ་བའི་མཁོ་ཆས་དང་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།

    603354_yis_1552797393205_s.jpg

    འདི་ནི་འཇམ་དབྱངས་ཆོས་གྲགས་དང་ལས་བཟོ་པས་མཉམ་དུ་དུད་ཚང་དབུལ་པོར་འཚམས་འདྲིའི་དངོས་པོ་སྐྱེལ་བཞིན་པ།

    603353_yis_1552797392238_s.jpg

    འདི་ནི་འཇམ་དབྱངས་ཆོས་གྲགས་ཀྱིས་རི་ཐང་གྲོང་རྡལ་བརྒྱ་རབ་གྲོང་ཚོའི་ཏང་ཡོན་རྒན་གྲས་ནོར་འཕེལ་ལ་འཚམས་འདྲི་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།