དབུ་ཤོག>གསར་འགྱུར།
  • ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-01

    596549_yis_1550987167374_s.jpg

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གསར་གཏོད་ཀྱི“རིགས་ལྔའི་ལས་རིགས་སློབ་གླིང”འཛུགས་སྐྱོང་བྱེད་རིང་། རྒྱལ་དར་སྲུང་སྐྱོང་རུ་ཁག་བཙུགས་ཏེ། སློབ་མས་རྔམ་བརྗིད་ལྡན་པའི་ངང་རྒྱལ་དར་སྲུང་སྐྱོང་བྱེད་རིང་།“གསར་བརྗེའི་ལས་རིགས་སློབ་གླིང”གི་དོན་སྙིང་ཤེས་རྟོགས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་འཛད་མེད་སྟོབས་ཤུགས་ཚོར་བ་བྱས་ཤིང་། འདི་ནི་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་རྒྱུན་གཏན་གྱི་སྦྱོང་བརྡར་བྱེད་བཞིན་པ།

    596550_yis_1550987168965_s.jpg

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། རྒྱལ་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་རྒྱལ་རྩེ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ“སེམས་པ་ལྷོད་ལ་ཕབ་ནས་རང་གཅུན་དང་བབ་ཆགས་ངང་སྤྱོད་བཟང་སྐྱོང་བའི”བརྗོད་དོན་གཙོ་བོའི་དུས་ཐེངས་དང་པོའི“ཀུན་སྤྱོད་འཆད་ཁྲིད་ཁང”གི་བྱེད་སྒོ་སྤེལ་ཞིང་། འདི་ནི“ཀུན་སྤྱོད་འཆད་ཁྲིད་ཁང་གི”བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།