དབུ་ཤོག>གསར་འགྱུར།
  • གྲོང་ཁྱེར་དང་རྫོང་གི་དབུལ་སྐྱོར་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་ཧྲག་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-01

    ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱ་ཆེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་སྐོར་གཟིགས་ཀྱི“རྗེས་མཐུད་ལས་དོན”མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དགོས་མཁོར་གཞིགས་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འཕྲལ་མར་བྱ་སྤྱོད་སྤེལ་ནས་སྐོར་གཟིགས་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཕྲལ་མར་འཚོགས་ཏེ། དོན་ཚན་རེ་རེ་བཞིན་ལས་འགན་ཁག་བགོས་དང་། བྱ་ཐབས་ཞིབ་ཕྲ། དུས་བཀག་ཁ་གསལ་བཅས་བྱས་ཡོད། ལྷག་དོན་དུ་དབུལ་སྐྱོར་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ལ་དམིགས་ཏེ་གྲོང་ཨུད(ས་ཨུད)རྩ་འཛུགས་པུའུ་ཁག་གིས་འགོ་ཁྲིད་ཚན་ཁག་ཧྲག་སྒྲིག་བྱེད་པར་འཕྲལ་མར་མཛུབ་ཁྲིད་ལྟ་སྐུལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ལག་བསྟར་དང་དག་ཐེར་བྱས་ནས་གྲོང་ཁྱེར་དང་རྫོང་གི་དབུལ་སྐྱོར་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་ལ་ཕྱོགས་བསྡུས་ཞིབ་བརྡར་བྱས་པ་དང་། དབུལ་སྐྱོར་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ། དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་མཐའ་འཁྱོངས་ཀྱིས་ཧྲག་སྒྲིག་བྱས་པ། དབུལ་སྐྱོར་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་གི་སྟོབས་ཤུགས་འཕྲལ་མར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ། སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་རྫོང་དང་ཆུས་7གྱི་དབུལ་སྐྱོར་གཞུང་ལས་ཁང་ལ་ཀྲུའུ་རེན་བཀོད་སྒྲིག་བྱས་ཟིན་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་གཉིས་དབུལ་སྐྱོར་གཞུང་ལས་ཁང་ལ་ཀྲུའུ་རེན་ཚང་མ་བཀོད་སྒྲིག་བྱས་ཟིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།