གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོ་རྒྱུག་ཁུལ་དུ་ཆར་ཆུ་མང་བའི་རྐྱེན་གྱིས་རང་རྒྱལ་གྱི་སྐམ་སའི་མཚོ་ཆེ་ཤོས་མཚོ་སྔོན་པོའི་མཚོ་ཁ་2018ལོར་སྨི་0.48རྒྱས་པ་དང་། ད་བར་ལོ་14མཚོ་ཁ་བསྟུད་མར་རྒྱས་ནས་དུས་རབས་གོང་མའི་ལོ་རབས་70པའི་ལོ་སྟོད་ཀྱི་མཚོ་ཁའི་མཐོ་ཚད་དུ་སླེབས་པ་རེད།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་མ་ཀྲན་ལེའང་གིས་ངོ་སྤྲོད་བྱས་པར། 2018ལོ་ནི་མཚོ་སྔོན་པོ་རྒྱུག་ཁུལ་དུ་རྒྱུན་གཏན་མ་ཡིན་པའི་ཆར་ཆུ་མང་ཤོས་བབས་པའི་ལོ་ཡིན། ཆར་ཆུ་མང་པོ་བབས་པ་དང་ཆུ་བོའི་བབས་རྒྱུན་མང་དུ་སོང་བས་མཚོ་སྔོན་པོའི་མཚོ་ཁ་རྒྱུན་མཐུད་རྒྱས་པ་རེད།
གྲངས་གཞི་ལས་མངོན་གསལ། 2018ལོར་མཚོ་སྔོན་པོ་རྒྱུག་ཁུལ་དུ་ཆར་ཆུ་འབབ་ཚད་ཆ་སྙོམས་ཧའོ་སྨི་503.7ཟིན་པ་དེ་རྒྱུན་གཏན(1981ནས་2010ལོ་བར)ལས་བཅུ་ཆ་གསུམ་མང་དུ་ཕྱིན་ཡོད་པ་རེད།