དབུ་ཤོག>གསར་འགྱུར།
  • ཞ་མོན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་བོད་སྐྱོར་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-22

    2016ལོའི་ཟླ་7པ་ནས་བཟུང་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཞ་མོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་7གྱིས་ཁག་ཐེངས་གཉིས་ཀྱི་ལས་བྱེད་པ་12སྔ་རྗེས་སུ་མཛོ་སྒང་རྫོང་དུ་མངགས་ནས་གནས་སྦྱར་རོགས་སྐྱོར་དང་ཐོན་ལས་གསར་སྤེལ་ཀུང་སི་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གཉེར་སྐྱོང་དོ་དམ་དང་། རིག་སྟོབས་བོད་སྐྱོར། ཐོན་ལས་རོགས་སྐྱོར། ཚོང་འགུགས་མ་འདྲེན། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་མཛོ་སྒང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ཞན་ཆ་ནུས་ལྡན་ངང་གསབ་པ་དང་། ས་ཁུལ(གྲོང་ཁྱེར)གྱི་གཞུང་ཁུངས་ཁེ་ལས་ཀྱི་བོད་སྐྱོར་དབུལ་སྐྱོར་གསར་སྤེལ་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་རྒྱལ་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)གྱི་གཞུང་ཁོངས་ཁེ་ལས་བོད་སྐྱོར་གསར་སྤེལ་ལས་དོན་ནང་ཞུགས་པའི་སྲོལ་བཏོད་པ་རེད།

    མཛོ་སྒང་རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སྟོབས་ཆེར་གཏོང་ཆེད། ཁག་དང་པོའི་ལས་བྱེད་པ་6གིས་མཛོ་སྒང་རྫོང་གི“གཙང་པོ་གཉིས་དང་ཆུ་བོ་གཅིག”གི་མ་འཇོག་ཀུང་སི་དང་རྫོང་དབུལ་སྐྱོར་གསར་སྤེལ་ཀུང་སིའི་འགོ་ཁྲིད་ཀྱི་ལས་འགན་ཁུར་ཏེ་རྫོང་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲོམ་གཞི་གཏོད་པ་དང་ལམ་ལུགས་བཟོ་བ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་རིམ་བཞིན་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་སྲིད་གཞུང་དང་རྫོང་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་དབར་གྱི་འབྲེལ་བ་གསེད་བཀྲོལ་ཏན་ཏིག་བྱས་ཡོད་པ་རེད།

    ཞ་མོན་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་སྣེ་འཁྲིད་པ་དང་། ཞ་མོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཏེ། ཞ་མོན་ཚོང་དོན་དང་། ཡང་བའི་བཟོ་ལས། ཡུལ་སྐོར། ཧའེ་དབྱི་སོགས་ཚོགས་པ་4ཡིས་མཉམ་འབྲེལ་ཐོག་སྒོར་ཁྲི་1000བཏང་ནས་ཁེ་ལས་བསྐྲུན་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། “སྲིད་གཞུང་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས། མཉམ་ལས་ཁང་། རྟེན་གཞི། ཞིང་དུད་བཅས་ལྷན་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་དང་། སྐྱེལ་འདྲེན་དང་ཕྱིར་ཚོང་སོགས་ཀྱི་དཀའ་གནད་སེལ་རོགས་བྱས་པ་དང་། ཞ་མོན་ཞིང་འབྲོག་སྣོད་བཅུད་ཚན་རྩལ་གླིང་བཏོད་དེ་ཀྲང་ཀྲོའུ་ཁང་ཀྲོང་གསོ་ཚགས་ཀུང་སི་དང་ཞ་མོན་ས་ཁོངས་ཧྲིལ་པོའི་བཟའ་བཏུང་ཀུང་སི་སོགས་ཁེ་ལས་ཁག་གཅིག་གཞིས་ཆགས་རྒྱུའི་ཡིད་དབང་བཀུགས་ཤིང་། རྒུན་འབྲུམ་ཨ་རག་བསྙལ་བའི་ལས་རིགས་དང་བོད་ཕག་དང་བོད་བྱ་གསོ་ཚགས་ལས་སྣོན་ཞིབ་ཚགས་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་མ་ཟད། རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་དཔལ་འབྱོར་ཐོན་ལས་རྒྱུད་ཧུར་ཐག་བཏོད་ཡོད་པ་རེད།

    དེ་དང་ཆབས་ཅིག་མཛོ་སྒོང་རྫོང་ལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་17ལེགས་འདེམས་དང་དབུལ་སྐྱོར་ཐོན་ལས་སྲིད་ཇུས་ལག་བསྟར་ཇུས་གཞི་4འཆར་འགོད་བྱེད་རོགས་བྱས་ཡོད། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་དབུལ་སྐྱོར་འཁོར་ཁང་ཆུང་གྲས་བཙུགས་པ་དང་། ཞ་མོན་གྱི་ལག་རྩལ་ལེགས་ཆ་དང་ཁྲོམ་རའི་ཐབས་ལམ་སྤྱད་ནས་བེ་ཤ་དང་ལ་ཕུག་སོགས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་མ་དངུལ་བཏང་ནས་བསྐྲུན་པའི་ཐོན་ལས་རྣམ་གྲངས་35ཡི་ཕན་འབྲས་ལ་དབྱེ་ཞིབ་བྱས་ཏེ་རྣམ་གྲངས་གཉེར་སྐྱོང་དོ་དམ་ལ་གྲོས་འགོ་བཏོན་ནས་ཐོན་སྐྱེད་ཀྱི་ཕན་འབྲས་ཡག་པོ་ཐོན་པའི་འགན་ལེན་བྱས་ཤིང་། ཞ་མོན་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཛོ་སྒང་རྫོང་གི་ཤང་གྲོང་ཁག་གི་ཞིང་ལས་མཉམ་ལས་ཁང་དབར་མཉམ་ལས་བྱ་རྒྱུའི་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཆེད་མངགས་ཕྱིར་ཚོང་སྐར་ཁུང་བཟོས་ནས་མཛོ་སྒང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་པ་དང་། མིག་སྔར་བེ་ཤ་རྒྱ་མ་300བཙོངས་ནས་ཞིང་འབྲོག་པ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ཡན་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

    མཛོ་སྒང་རྫོང་གི“གཙང་པོ་གཉིས་དང་ཆུ་བོ་གཅིག”མ་འཇོག་ཀུང་སིས་ཞ་མོན་གྲོང་ཁྱེར་མེ་འཁོར་བབས་ཚུགས་ཀྱི་ཚོང་ཁྲོམ་དུ“ཆབ་མདོའི་ངོ་མཚར”འགྲེམས་སྟོན་ཁང་བཙུགས་པ་དང་། དགེ་སྒྲུབ་སྤྱི་ཕན་ཞལ་འདེབས་བརྒྱབ་སྟེ་ཞ་མོན་གྲུ་ཁའི་ལས་དོན་ཚོགས་པས་ལྕགས་ཀྲིན་ཐོན་རྫས་ཁྲི་10ཞལ་འདེབས་བརྒྱབ་པ་དང་། ཞ་མོན་ཧའེ་དབྱི་ཚོགས་པས་སྒོར་ཁྲི་20ཞལ་འདེབས་བརྒྱབ་ནས་དགེ་རྒན་དང་སློབ་མའི་བྱ་དགའི་དངུལ་གྱི་ཐེབས་རྩ་བཙུགས་པ་རེད། སྤེལ་རེས་དང་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞ་མོན་གྲོང་ཁྱེར་གཞུང་ཁོངས་ཁེ་ལས་ཀྱིས་ཡུལ་སྐོར་ལས་རིགས་འཆར་འགོད་དང་། ལས་གྲྭའི་འཕྲུལ་ཆས་བོགས་གཏོང་ཕྱིར་ཚོང་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཀྱི་རོགས་སྐྱོར་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ་མཛོ་སྒང་རྫོང་དུ་མི་ཐེངས་100ལྷག་ཙམ་རྟོག་ཞིབ་སྤེལ་རེས་བྱེད་པར་བཏང་བ་དང་། ཞ་ཁང་ཀུང་སིས་ཆབ་མདོ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཚོགས་པ་ཞ་མོན་གྲོང་ཁྱེར་དུ་སྤྱི་ཕན་འཁྲབ་སྟོན་བྱེད་པར་བསྐྱོད་རྒྱུའི་མཐུན་སྦྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། xzxwadmin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།