དབུ་ཤོག>གསར་འགྱུར།
  • གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་བདེ་སྐྱིད་སྟོན་གྲངས་སླར་ཡང་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-16

    2018ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སོ་སོར་29990དང་སྒོར་15163ཟིན་ནས་དུས་མཚུངས་ལས་སོ་སོར་11.3%དང་13.1%འཕར་བ་དང་། “དམངས་འཚོའི་དོན་དངོས་ཁག་བཅུ”ལེགས་གྲུབ་ཟིན་པ། དུད་ཚང་དབུལ་པོ་1696གི་མི་5967ཉུང་དུ་ཕྱིན་ནས་དབུལ་པོ་ཐོན་ཚད་0.33%ཆག་པ་བཅས་རེད། གྲངས་གཞི་འདི་དག་ནང་གྲོང་མིས་སྡོད་གནས་ཀྱི་ཁོར་ཡུག་སྒྱུར་བཀོད་བྱེད་པའི་རེ་སྒུག་ཡོད་ལ་ད་དུང་ལྷག་བསམ་ཟབ་མོ་མཚོན་པའི་སློབ་གསོའི་འཕེལ་རྒྱས་ཀྱང་ཡོད་ཅིང་། ཐོབ་ཚོར་མང་པོ་ཞིག་རེ་སྒུག་ནས་དངོས་ཡོད་དུ་གྱུར་པ་དང་བདེ་སྐྱིད་ཀྱི་འཚོ་བ་མང་ཚོགས་དང་ཐག་ཇེ་ཉེར་ཇེ་ཉེར་འགྲོ་བཞིན་ཡོད།

    —དམངས་འཚོའི་བྱ་གཞག་མགྱོགས་མྱུར་ལེགས་སུ་སོང་ཞིང་། རིམ་པ་དེ་གའི་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་1.44བཏང་བ་དང“100%ལྔ་ཡི”སློབ་གསོའི་དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་ནས་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་63གསར་དུ་བཙུགས་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་མཐོ་རྒྱུགས་ཀྱི་རྒྱུགས་ལོན་ཚད་97.36%ཟིན་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་11.57ཡིས་མཐོ་བ་ཡོད། ཞིང་འབྲོག་ཁུལ་གྱི་ལས་ཞུགས་མི་འབོར་ཁྲི་2.79གཞན་སྒྱུར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་4350འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.2%ནང་ཚུན་དུ་ཚོད་འཛིན་ཐུབ་པ། རིམ་ཁག་སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་གྲོན་སྒོར་དུང་ཕྱུར་1.45དོན་འཁྱོལ་བྱས་པ་རེད། བཟའ་བཅའ་དང་སྨན་རྫས་ལ་རིག་ལྡན་ལྟ་འདོམས་མངོན་འགྱུར་བྱུང་བ་དང་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་སུ་ལོ་འཁོར་མོར་བདེ་འཇགས་ཀྱི་ལས་འཛོལ་གཅིག་ཀྱང་ཐོན་མེད། དམངས་ཡོངས་ཀྱི་འགན་ཞུགས་ཐོ་འགོད་དང་སྤྱི་ཚོགས་འགན་བཅོལ་གཱ་ཡི་གྲངས་གཞི་ཁ་གསབ་དང་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་སྔ་སྣུར་དུ་ལེགས་གྲུབ་ཟིན་པ་དང་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་97%ཡན་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་སོ་སོར་ཟླ་རེར་སྒོར་750དང་ལོ་རེར་སྒོར་4450སྤར་བ་རེད།

    —ཚན་རྩལ་དང་རིག་གནས་བྱ་གཞག་ལ་གཡུར་ཟའི་འབྲས་བུ་ཐོབ་ཅིང་། ཉིང་ཁྲིའི་ས་ཁོངས་རིག་གནས་ཀྱི་དཔེ་ཚོགས་དངོས་སུ་འགྲེམས་སྤེལ་བྱས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་གྲོང་རྡལ་གྱི་འབྱུང་རབས་དེབ་དང་པོ—《བྲག་ཡིབ་གྲོང་རྡལ་གྱི་འབྱུང་རབས》རྒྱལ་ཡོངས་ཀྱི་གྲགས་ཅན་གྲོང་རྡལ་28ཀྱི་འབྱུང་རབས་གྲས་སུ་ཚུད་པ་དང་འབྲེལ། ཀྲུང་གོའི་གྲགས་ཅན་གྲོང་རྡལ་གྱི་འབྱུང་རབས་རིག་གནས་ཀྱི་འདུ་འགོད་དུ་གྲུབ་འབྲས་ཐོན་པའི་སྒོ་ནས་ཚུད་པ་རེད། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་9དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཨང་དང་པོ་གྲུབ་འབྲས་ཐོན་པའི་སྒོ་ནས་རེ་ཞུ་བྱས་པ་དང་རྫོང་རིམ་པའི་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་དང་གྲངས་འཛིན་གློག་བརྙན་ཁང་ཡོངས་ཁྱབ་བྱུང་བ་རེད། ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ལ་ཚན་རྩལ་པུའི་དཔྱད་ཞིབ་བདེ་བླག་ངང་ཐོབ་པ་མ་ཟད་སྤྱི་བསྒྲགས་ཀྱང་བྱས་པ་རེད། ཆེད་དོན་ཚན་རྩལ་འགྲོ་གྲོན་སྒོར་ཁྲི་4277དོན་འཁྱོལ་བྱས་ཏེ་དུས་མཚུངས་ལས་28.2%འཕར་བ་དང་ཚན་རྩལ་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་47%ཟིན་པ་རེད།

    —གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། “གྲོང་ལྔ་མཉམ་གཏོད”ཀྱི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་གཙང་ནུབ་ཁུལ་གསར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། གྲོང་ཁྱེར་གྱི“ཅན་གསུམ”དང་རྣམ་པ་སྒྱུར་བཀོད་ཀྱི་ཕན་འབྲས་མྱུར་དུ་ཐོན་པ་དང་གྲོང་སྲིད་འགྲོ་ལམ“ཨར་འདམ་ལམ་ནས་སྣུམ་ནག་ལམ་དུ་འགྱུར་རྒྱུ”ལེགས་གྲུབ་བྱུང་སྟེ་ཉིང་ཁྲི་གྲོང་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། རྫོང་གྲོང་དྲུག་འཛུགས་སྐྲུན་དང་རིམ་སྤོར་ལས་གྲྭའི་ཕན་འབྲས་མངོན་གསལ་དོད་ཅིང་། མེ་ཏོག་རྫོང་རྒྱལ་ཡོངས་ཀྱི་མཐའ་མཚམས་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་བདུན་གྱི་གྲས་སུ་བཅུག་པ་དང་། བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་37གྱི་ཕྱོགས་བསྡུས་ཚོད་ལྟའི་རྣམ་གྲངས་སྐྲུན་པར་མགྱོགས་མྱུར་སྐུལ་འདེད་བཏང་བ། ཀླུ་ནང་གི་དུས་ཁག་གསུམ་པའི་རྒྱལ་ཁབ་ཀྱི་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་བདེ་བླག་སྤེལ་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་4དང་སྔོན་སྒྲུབ་ཤང་གྲོང་7འཛུགས་སྐྲུན་བརྟན་པོ་བྱས་པར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་43%ཟིན་ཡོད། འབྱོར་འབྲིང་གྲོང་ཚོ་40གསར་དུ་བསྐྲུན་ནས་མང་ཚོགས་སྡོད་ཁང་ཁྲི་1.2ལྷག་ཙམ་གྱི་ཐོག་ཁ་སྒྱུར་བཀོད་བྱས་པ་རེད།

    —སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་ཞིང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་ལེགས་གྲུབ་ལྡན་པའི་ངང་གསར་གཏོད་བྱས་པ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རི་རྒྱ་ནགས་གསོ། གཙོ་གནད་ས་ཁོངས་ལྗང་འགྱུར་སོགས་སྣོད་བཅུད་ལས་གྲྭར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིས་བཟོས་ནགས་བཟོ་མུའུ་ཁྲི་4.64ཟིན་པ་དང་། བྱེ་འགྱུར་ས་ཆ་མུའུ་ཁྲི་2.22བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི་8.72འདེབས་གསོ་བྱས་པར“མེད་པ་ལྔའི”ཤིང་འཛུགས་སྟོང་ཆ་སྐོང་བའི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཤིང་། “ཕུབ་ལྗང་2018”རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད། ནགས་ལས་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་17བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་93.8%ཆག་པ་དང་ཞིབ་བཤེར་ཐག་གཅོད་ཐུབ་ཚད་100%ཟིན་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།