
ཟླ་1ཚེས་22ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་གིས་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་ནས་སྐྱེལ་འདྲེན་རླངས་འཁོར་རུ་ཁག་4དང་། ཤང་གི་གྲོང་ཚོའི་མཉམ་སྡེབ་2དང་དེ་བཞིན་མང་ཚོགས་1000ལྷག་ཙམ་ལ་2018ལོའི་ལོ་འཁོར་གྱི་ཐོན་ལས་རྐང་དངུལ་དང་གནད་སྨིན་དབུལ་སྐྱོར་གྱི་ཁེ་སྤོགས་སྒོར་ཁྲི་4756རག་པ་རེད། ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཏང་ཨུད་དང་སྲིད་གཞུང་སོགས་ཀྱི་རོགས་སྐྱོར་འོག་ཚལ་གུང་ཐང་ཤང་གིས་མ་རྐང་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་བཏང་བ་དང་། གྲོང་ཚོའི་མཉམ་སྡེབ་རྐང་བདག་ལ་འགྱུར་བ། གྲོང་མི་རྐང་དམངས་ལ་འགྱུར་བ་བཅས་བྱས་པས་ས་གནས་དེ་གའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད་ལ། ཉེ་འཁོར་གྱི་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་པ་རེད།
འདི་ནི་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཐོག་ཚལ་གུང་ཐང་ཤང་ཚལ་གུང་ཐང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་སྟོབས་རྒྱལ(གཡོན་གྱི་དང་པོ)གྱིས་ཁེ་སྤོགས་ལེན་བཞིན་པ།