དབུ་ཤོག>གསར་འགྱུར།
  • སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ། དབུལ་སྒྲོལ་གྱི་སྒུལ་ཤུགས་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-18

    586792_yis_1547636045910_b.jpg

    ལྷ་ས་གྲོང་ཁྱེར་ཡངས་པ་ཅན་གྲོང་རྡལ་ཚེས་བཅུ་ཐང་གྲོང་ཚོས་གྲོང་ཚོ་དེ་གར་རྒས་འཁོགས་དང། གཟུགས་པོ་སྐྱོ་བ། ནད་པ། དབང་པོ་སྐྱོན་ཅན་སོགས་མང་བ་དང་མི་སྣའི་བྱང་ཚད་ཞན་པ་སོགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཐོན་ལས་རྣམ་གྲངས་ཞིབ་འཇུག་བྱས་ནས་རེ་ཞུ་བྱས་པ་དང་། ལས་ཞུགས་དབུལ་སྐྱོར་གྱི་ལམ་སྲོལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ལས་ཞུགས་བྱས་པ་བརྒྱུད། མང་ཚོགས་འབབ་འཕར་དབུལ་སྒྲོལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔར། ཡངས་པ་ཅན་གྲོང་རྡལ་ཚེས་བཅུ་ཐང་གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི་20བཏང་བ་དང་། གྲོང་ཚོའི་བུད་མེད་ཀྲུའུ་རེན་གྱིས་སྣེ་ཁྲིད་དེ་བསླས་འཐག་ལག་ཤེས་བཟོ་རྩལ་གྱི་ཉམས་མྱོང་ལྡན་པའི་གྲོང་མི་7བསྡུས་ནས་གྲོང་ཚོ་དེ་གའི་དུད་ཚང་དབུལ་པོ་7ལ་དུད་ཚང་རེར་ཟླ་རེར་འབབ་འཕར་སྒོར་1500ཡོང་རྒྱུའི་སྐུལ་ཁྲིད་བྱས་ཤིང་། འདི་ནི་གྲོང་ཚོ་དེའི་དབུལ་སྐྱོར་འཁོར་ཁང་ནང་གྲོང་མིས་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།