དབུ་ཤོག>གསར་འགྱུར།
  • ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་ལ་དངུལ་བུན་སྒོར་དུང་ཕྱུར་780བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-12-26

    ཚེས་24ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་11པའི་ཟླ་མཇུག་བར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་ལ་དངུལ་བུན་སྒོར་དུང་ཕྱུར་780ཙམ་བཏང་ཞིང་། དངུལ་བུན་འཕར་ཚད་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཨང་དང་པོར་སླེབས་ཡོད། དངུལ་བུན་རྣམ་གྲངས་4000ལ་ཉེ་བའི་རྫོང་དང་ཆུས་དང་དེ་བཞིན་ཤང་དང་གྲོང་རྡལ་བཅས་ཚང་མར་ཁྱབ་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་བོད་ཀྱི་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་བ་རེད།

    ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་ལ་དངུལ་བུན་སྒོར་དུང་ཕྱུར་780བཏང་བའི་ཁྲོད་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་773.79ཟིན་ནས་ལས་རིགས་གཅིག་པའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། འདི་ལོ་ཚུན་དུ་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འཐབ་ཇུས་མཉམ་ལས་ཀྱི་དྲན་ཐོ་དང་གཏའ་འཇོག་ཁ་གསབ་དངུལ་བུན་གྱི་ཆེད་དོན་མཉམ་ལས་གྲོས་མཐུན་སོགས་བཞག་ནས་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་དང་དཔུང་ཁག་འཛུགས་སྐྱོང་སོགས་ཕྱོགས་མང་པོའི་ཐད་ནས་བོད་ལ་ཆེད་དོན་རྒྱབ་སྐྱོར་སྲིད་ཇུས་20ལྷག་ཙམ་བཏོན་ཡོད།

    ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་རའོ་ཡུང་གིས་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་44ཡི་དངུལ་བུན་གྱིས་དངུལ་ཁང་ཡོངས་ཀྱི་དངུལ་བུན་བསྡོམས་འབོར་གྱི་75%ཡན་བཟུང་ཞིང་། རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་150ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་840འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྲད་དེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་26དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རྨང་གཞི་བཏིང་ཡོད། དེ་དང་ཆབས་ཅིག་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་རིམ་རྩིས་བརྒྱབ་ན་གཞི་རྩའི་དམངས་འཚོའི་རྣམ་གྲངས་གལ་ཆེན་1000ལྷག་ཙམ་ལ་ཞིབ་མཆན་བཀོད་པར་རིགས་ཁག་གི་དངུལ་བུན་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་ནས་མང་ཚོགས་དབུལ་པོ་མི་ཐེངས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་བཤད།

    ཧེ་བག་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་དངུལ་བུན་སྒྲུབ་གཉེར་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“རང་བྱུང་འོབས་ཆེན་དེ་བདེ་བགྲོད་ལམ་བུར”ཧུར་ཐག་བསྒྱུར་ཡོད། “འདི་ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་གཞུང་ལམ་ཐད་དངུལ་བུན་སྒོར་དུང་ཕྱུར་100ལྷག་ཙམ་བཏང་བ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་480ལྷག་ཙམ་ཟིན་ཞིང་། གྲོང་གསེབ་ཀྱི་གཞུང་ལམ་ཁག་1896དང་ལམ་ཚད་སྤྱི་ལེ་ཁྲི་གཉིས་ལ་ཉེ་བ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད”ཅེས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་རྨང་གཞིའི་སྒྲིག་བཀོད་ཁྲུའི་ཁྲུའུ་ཀྲང་ཡིའུ་གོ་ཕེ་ཡིས་བཤད།

    ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་སླད་ཕྱིན་སྲིད་ཇུས་རང་བཞིན་དངུལ་ཁང་གི་ལེགས་ཆ་སྔར་བས་བཏོན་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་ཞན་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ནས་དང་། འབྲི་གཡག ཐང་ག བོད་ཆས། ཁྱད་ལྡན་ཡུལ་སྐོར་སོགས་དབུལ་སྐྱོར་ཐོན་ལས་ཁག་གཅིག་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་དང་རྫོང་ལ་དབུལ་སྐྱོར་ཐོན་ལས་གླིང་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་དབུལ་སྒྲོལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་འདོན་སྤེལ་སོགས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།