དབུ་ཤོག>གསར་འགྱུར།
  • བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་3800ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-12-21

    རིམ་རྩིས་བྱས་ན་1994ལོ་ཚུན་དུ། བོད་ལྗོངས་གཞིས་རྩེས་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་3842དང་ལེན་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པ། བོད་སྐྱོར་ལས་བྱེད་པ་1504ཙམ་ཟིན་གྱི་ཡོད། ཁ་གཏད་བོད་སྐྱོར་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འདེད་སྐུལ་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 1994ལོ་ནས་2018ལོ་བར་བོད་ལྗོངས་གཞིས་རྩེར་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་1582དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་45.18 བོད་སྐྱོར་ལས་བྱེད་པ་493ཟིན་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་1355དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་38.18 བོད་སྐྱོར་ལས་བྱེད་པ་508ཟིན་པ། ཧེ་ལུང་ཅང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་356དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་9.27 བོད་སྐྱོར་ལས་བྱེད་པ་241ཟིན་པ། ཅི་ལིན་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་རྣམ་གྲངས་297དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་7.8 བོད་སྐྱོར་ལས་བྱེད་པ་238ཟིན་པ། པའོ་ཀང་ཚོགས་པའི(ད་ཆའི་པའོ་ཝུའུ་ཚོགས་པ)བོད་སྐྱོར་གྱི་རྣམ་གྲངས་133དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.78 བོད་སྐྱོར་ལས་བྱེད་པ་12ཟིན་པ། ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པའི་བོད་སྐྱོར་གྱི་རྣམ་གྲངས་119དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.35 བོད་སྐྱོར་ལས་བྱེད་པ་12ཟིན་པ་བཅས་རེད།

    བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱི་རོགས་རམ་འོག་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1994ལོའི་སྒོར་དུང་ཕྱུར་5.9ནས་2017ལོའི་སྒོར་དུང་ཕྱུར་216.3བར་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དེ་སྒོར་དུང་ཕྱུར་0.8ནས་སྒོར་དུང་ཕྱུར་375.4བར་འཕར་བ། ཞིང་འབྲོག་པའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་579ནས་སྒོར་9225བར་འཕར་བ་བཅས་རེད།

    རྣམ་གྲངས་དང་མ་དངུལ་གྱི་བོད་སྐྱོར་ལ་ཤུགས་སྣོན་བརྒྱབ་པ་ཕུད། ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱིས་ད་དུང་རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་243གཙོ་གནད་ཁྱབ་ཁོངས་དང་ལས་གནས་གལ་ཆེན་དུ་རོགས་སྐྱོར་བྱེད་པར་མངགས་ཏེ“ཚོགས་སྒྲིག་རྣམ་པའི”སློབ་གསོ་དང་སྨན་བཅོས་བོད་སྐྱོར་གྱི་ལས་དོན་ཡང་གཏིང་ཟབ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།