གནས་རི་གངས་རིན་པོ་ཆེའི་འདབས་སུ་ཡོད་པའི་མཐར་ཕྱིན་མཐའ་སྲུང་མངཌ་གཏོང་ཁང་གིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ལམ་ཐིག་སྤྱི་ལེ་38དང་། སྤྱི་ལེ་ངོས་གྲུ་4000ལྷག་གི་མཐའ་མཚམས་དོ་དམ་ཁུལ་དང་། དེ་བཞིན་ཁོངས་གཏོགས་ཁུལ་གྱི་དུད་ཚང་471གི་མི་1682ཀྱི་བདེ་སྐྱོང་དོ་དམ་ལས་འགན་འཁུར་བཞིན་ཡོད། དུས་ཡུན་རིང་པོའི་ནང་མཐར་ཕྱིན་མཐའ་སྲུང་མངགས་གཏོང་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“དཔུང་སྐྱོད་དམག་སྒར”གྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་དཔོན་དམག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་། ས་མཚམས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད་ལ། རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གི་ཁྲག་དྲོན་ལ་བརྟེན་ནས་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་ཆ་ཚང་བ་སྲུང་སྐྱོང་ཡང་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། སུའོ་དེའི་དཔོན་དམག་གིས་ཁོངས་གཏོཌ་ཁུལ་གྱི་སློབ་གྲྭ་དང་། དགོན་སྡེ། འབྲོག་ར་སོགས་ཀྱི་མང་ཚོགས་འདུས་སྡོད་ས་ཆར་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་ཆེ་མོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན། མཐའ་མཚམས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སྒྲོག་འགྲེལ་ཤུགས་ཆེན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསམ་བློའི་ཐད་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་དོན་སྙིང་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཡོད། དགོན་སྡེར་སྒྲོག་འགྲེལ་ཐེངས་6བྱས་པར་སློབ་གསོ་ཐོབ་མཁན་དགེ་འདུན་པ་མི་ཐེངས་20ཟིན་པ་དང་། ཀུ་ཤུ་སློབ་ཆུང་དང་བོད་ལུགས་གསོ་རིག་སློབ་གླིང་ལ་སྒྲོག་འགྲེལ་ཐེངས་15བྱས་པར་སློབ་གསོ་ཐོབ་མཁན་མང་ཚོགས་དང་སློབ་མ་མི་གྲངས་600ལྷག་ཟིན་པ། 《རྩ་ཁྲིམས》ཀྱི་ཤེས་བྱ་འབྲོག་ཁུལ་དུ་སྒྲོག་འགྲེལ་ཐེངས་3བྱས་པར་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་350ལྷག་ཟིན་པ། སྒྲོག་འགྲེལ་དཔྱད་ཡིག་500ལྷག་སྤྲད་པ། དམག་སྒར་གྱི་སྒོ་མོ་ཕྱེ་བའི་ཉིན་ཐེངས་3སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་དགེ་སློབ་300ལྷག་གདན་ཞུ་བྱས་ཏེ་ཚན་པའི་སྒར་ཁུལ་དུ་ལྟ་སྐོར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་རེད།
མཐར་ཕྱིན་མཐའ་སྲུང་མངགས་གཏོང་ཁང་གིས“དམངས་གཅེས་མཐའ་བརྟན་གྱི་དཔེ་སྟོན་གྲོང་ཚོ”མཉམ་སྐྲུན་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་བའི་གཞི་རྟེན་གལ་ཆེན་དུ་བརྩིས་ནས་ཤང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ལས་དོན་ཧུར་ཐག་བསྒྲུབས་ཤིང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་མཉམ་སྦྲེལ་དང་། རྩ་འཛུགས་འཛུགས་སྐྱོང་མཉམ་སྐྲུན། སྤྱི་ཚོགས་བདེ་སྐྱོང་མཉམ་འགོག ཁྲིམས་ལུགས་ཤེས་དཔལ་མཉམ་གཏོད། དམངས་འཚོའི་གནད་དོན་མཉམ་སྒྲུབ་བཅས་ཀྱི་བྱེད་ཐབས་བརྒྱུད། ཉེན་རྟོག་པ་དང་ས་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་གཏོད་འཛུགས་ལས་དོན་ཏན་ཏིག་སྤེལ་ནས་དཔེ་སྟོན་གྲོང་ཚོ་2ལ“མེད་པ་བཞིའི”དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
ཁོངས་གཏོགས་ཁུལ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱ་ཆེད། མངགས་གཏོང་ཁང་གིས་གྲལ་བཤེར་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་དང་དེ་བཞིན་དཀའ་ངལ་ཡོད་པའི་བྱིས་པའི་ཁྱིམ་ཚང་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་དེ་མི་ཧྲེང་རྒན་རྒོན་2དང་དཀའ་ངལ་ཡོད་པའི་བྱིས་པ་3ལ་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་ཡོད་ལ་སྒེར་གྱི་ཡིག་ཚགས་བཟོས་པ་དང་། རོཌ་སྐྱོར་ཆ་སྒྲིག་བྱས་པ། དུས་བཀག་ལྟར་དུད་ཚང་ལ་འཚམས་འདྲི་བྱས་པ། རྒན་རྒོན་དང་བྱིས་པའི་འཚོ་བའི་དཀའ་ངལ་ཤེས་རྟོགས་བཅས་བྱས་ནས་ཁོང་ཚོའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། མང་ཚོགས་ལ་དངོས་ཡོད་དཀའ་ངལ་དང་གནད་དོན་134ཐག་གཅོད་བྱེད་རོགས་བྱས་པ་དང་ཆབས་ཅིག ས་ཆ་དེ་རང་གི་ཏང་ཨུད་དང་སྲིད་གཞུང་དང་མཐུན་སྦྱོར་གྱིས་ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་དང་། དབང་པོ་སྐྱོན་ཅན། དུད་ཚང་དབུལ་པོ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འབྲས་དང་། སྣུམ། གྲོ་ཞིབ་སོགས་འཚོ་བའི་མཁོ་ཆས་སྤྲད་པས་ཁོངས་གཏོཌ་ཁུལ་མང་ཚོགས་ཀྱི་བསྔཌ་བརྗོད་ཟབ་མོ་ཐོབ་ཡོད་པ་རེད།
བར་ག་ཤང་ཁོངས་གཏོགས་ཁུལ་དུ་ཆ་སྙོམས་ས་བབ་སྨི་4800ཟིན་པ་དང་རང་བྱུང་ཆ་རྐྱེན་སྐྱོ་པོ་ཡིན་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་འབྲོག་པ་དང་ཡུལ་སྐོར་བར་ལ་དུག་ཕོག་པ་དང་གངས་སྐྱོན་ཕྲད་པ་སོགས་ཀྱི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། མང་ཚོགས་ལ་ཞབས་ཞུ་སྔར་བས་ཡག་པ་ཞུ་ཆེད། མངགས་གཏོང་ཁང་གིས“གངས་རིན་པོ་ཆེའི་ཁྲིམས་འཛིན་སྐོར་ཞིབ་རོགས་སྐྱོབ་རུ་ཁག”བཙུགས་པ་དང་། མངགས་གཏོང་ཁང་གི་ལས་སྒོའི་ལས་དོན་དང་རོགས་སྐྱོབ་སྐོར་ཞིབ་ལས་འགན་ཟུང་འབྲེལ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། “གངས་རིན་པོ་ཆེའི་ཁྲིམས་འཛིན་སྐོར་ཞིབ་རོགས་སྐྱོབ་རུ་ཁག”གིས་རི་སྐོར་སྐོར་གཡེང་གྲལ་བཤེར་ཐེངས་40ལྷག་དང་འཚོལ་སྐྱོབ་བྱ་སྤྱོད་ཐེངས་80ལྷག་སྤེལ་ཞིང་། རིམ་རྩིས་བྱས་ན་ཉེན་གྱར་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་1200ལྷག་སྐྱོབ་རོགས་བྱས་པས་མང་ཚོགས་དང་གོང་རིམ་འགོ་ཁྲིད་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་པ་རེད།
མཐུན་སྒྲིལ་ལས་སྟོབས་ཤུགས་དང་མི་རིཌ་ཀྱི་རེ་བ་བྱུང་། “གནས་རིའི”འདབས་དང“བླ་མཚོའི”འགྲམ་ངོགས་སུ་མཐར་ཕྱིན་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཡོངས་ཀྱིས“མི་དམངས་ཆེད་ཞབས་འདེགས་ཞུ”བའི་ཁས་ལེན་ནན་མོ་ནམ་ཡང་ལག་བསྟར་བྱས་ཏེ། “ཉེན་རྟོག་པས་དམངས་ལ་བྱམས་པ་དང་། དམངས་ཀྱིས་ཉེན་རྟོག་པར་བརྩི་བཀུར། ཉེན་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཞིག་བརྩམས་པ་རེད།