སྨྱུག་འཛིན་པ་སྡོད་ཁུལ་དུ་ཧུད་རིགས་བཟའ་ཚོ་གཉིས་ཀྱིས་གཉེར་བའི་ཚོང་ཁང་ཆུང་ཆུང་དེས་སྡེ་ཁུལ་གྱི་མི་རྣམས་ལ་ཅ་དངོས་ཙག་ཙིག་ཉོ་བའི་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་མི་རྣམས་ཉི་མ་སྲོ་བཞིན་གཏམ་གླེང་བྱེད་སའི་ས་ཆ་ལེགས་པོ་ཞིག་ཀྱང་ཡིན། ཁོང་བཟའ་ཚོ་གཉིས་རྒྱུན་དུ་ནས་སེམས་རྩ་འཁོལ་པོ་ཡོད་སྟབས་སྡེ་ཁུལ་གྱི་མི་རྣམས་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། དེ་ལྟ་བུའི་ཞི་མཐུན་གྱི་རྣམ་པ་ནི་ལོ་མང་རིང་ཕན་ཚུན་དབར་གྱི་བརྩི་བཀུར་དང་ཕན་ཚུན་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་རེད།སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་སྒོ་གླིང་གྲོང་ཚོ་ཙུའུ་གསུམ་པའི་དཔའ་མོ་ལྷ་སར་ལས་ཀར་ཡོང་སྐབས་ནང་ས་ནས་ཡོང་བའི་རྒྱ་རིགས་ན་གཞོན་གྲང་ཧྥེ་དང་ཐུག་སྟེ་ཕན་ཚུན་མཐོང་བ་ཙམ་གྱིས་བརྩེ་དུང་སླེབས་ནས་སྤྱི་ལོ2014ལོར་གཉེན་སྒྲིག་བྱས། གྲང་ཧྥེ་ནི་ཤིང་བཟོ་བ་ཞིག་ཡིན་པས་རྒྱུན་དུ་དཔའ་མོར་ཤིང་བཟོའི་ལག་རྩལ་བསླབ་ནས་ད་ལྟ་དཔའ་མོ་ཁོ་པའི་ལག་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད། ལས་ཐག་བཅད་པ་དང་བཟའ་ཚོ་གཉིས་མཉམ་དུ་ཚལ་ཉོས་ནས་ཁ་ལག་བཟོ་བ་དང་། དཔའ་མོ་ཞོགས་པ་རྩམ་པ་ཟ་བ་དང་ཇ་སྲུབ་མ་འཐུང་རྒྱུར་དགའ་བ་དང་། གྲང་ཧྥེ་དེ་ཙམ་དགའ་པོ་མེད་ཀྱང་ད་ལྟ་གོམས་ཏེ་ཁོ་པའི་བཟའ་ཟླ་དང་མཉམ་དུ་བོད་ཟས་བཟའ་རྒྱུར་དགའ་པོ་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་ལ་གནམ་ས་འགུལ་བའི་དོན་ཆེན་བསྒྲུབ་མི་དགོས་པར། དོན་དག་ཆུང་ངུ་ནས་འགོ་བཙུགས་ཏེ་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ཁྲོད་ནས་མཚོན་ཐུབ་པ་བྱེད་དགོས།
དཔའ་མོ་དང་གྲང་ཧྥེ་ཡི་འཚོ་བའི་བརྒྱུད་རིམ《 བོད་ལྗོངས་ཉིན་རེའི་ཚགས་པར》 དང་སྐད་འཕྲིན་གྲོགས་ཚོགས་གླིང་ནང་རྒྱ་ཆེར་བརྒྱུད་བསྐུར་བྱེད་སྐབས་ཐོབ་པའི“བསྔགས་བརྗོད”རེ་རེ་ལས་རྒྱ་ཆེའི་ཀློག་པ་པོ་དང་གྲོང་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ལ་བཅངས་པའི་བརྩི་བཀུར་དང་བསྔགས་བརྗོད་མཚོན་ཐུབ། དེ་ནི་རང་འགུལ་ངང་མཐུན་སྒྲིལ་ཤེས་པ་དང་།མཐུན་སྒྲིལ་དར་སྤེལ་གཏོང་བ། མཐུན་སྒྲིལ་ལ་སློབ་སྦྱོང་བྱེད་པ། མཐུན་སྒྲིལ་ལ་དཔེ་ལྟ་བའི་བརྒྱུད་རིམ་ཞིག་ཡིན་ལ། དེ་ནི་རང་འགུལ་ངང་དྲང་ནུས་དར་སྤེལ་གཏོང་བའི་རྒྱུད་རིམ་ཞིག་ཀྱང་ཡིན། མི་རིགས་ཁག་གི་དབར་ཕན་ཚུན་རྒྱུས་ལོན་དང་།ཕན་ཚུན་བརྩི་བཀུར། ཕན་ཚུན་ཁོག་ཡངས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཚེ་གཞི་ནས་དབུགས་ལམ་གཅིག་གྱུར་དང་།བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཡོང་ཐུབ།
ཀྲུང་ཧྭ་མི་རིགས་ནི་ཁྲག་རྒྱུན་གཅིག་ཏུ་འབྲེལ་བའི་ཐུན་མོང་གི་གཟུགས་ཕུང་ཞིག་དང་འདྲ། དེ་ནི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་གི་གལ་ཆེའི་ཁོངས་མི་ཞིག་ཡིན། ཁྱིམ་ཚང་ཆེན་མོ་འདིའི་ནང་རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་ལ།གྲངས་ཉུང་མི་རིགས་ཕན་ཚུན་དབར་ཁ་བྲལ་ཐབས་མེད། མི་རིགས་མཐུན་སྒྲིལ་ནི་ངེས་པར་དུ་དངུལ་ལོར་དང་དངོས་པོའི་ཐོག་གི་རོགས་རམ་མ་ཡིན་པར། དོན་དག་ཆུང་ངུའི་སྟེང་གི་ཕན་ཚུན་སེམས་འཁུར་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཕན་ཚུན་སྤེལ་རེས། རོགས་རམ་སོགས་བྱས་ཚེ་གཞི་ནས་རྒྱུན་ཆད་མེད་པར་རང་ལྗོངས་མི་རིགས་ཁག་ཕན་ཚུན་ཞི་མཐུན་དང་ཕན་ཚུན་མཉམ་རོགས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཐུབ།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཟླ་སྒྲོན)