དབུ་ཤོག>གསར་འགྱུར།
  • ཁག་དང་པོའི“མངགས་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-08

    ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཁག་དང་པོའི“མངགས་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་དགའ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་གསུམ་གྱི་རིང་རྒྱལ་ཁབ་དཔེ་མཛོད་ཁང་དང་། ཀྲུང་གོ་ཟློས་གར་ཁང་། ཀྲུང་གོ་བྱིས་པའི་ཟློས་གར་ཁང་སོགས་རིག་གནས་ཚན་པ་7གྱི་ཁག་དང་པོའི“མངག་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ14བོད་ཀྱི་ཁ་གཏད་ཚན་པ་ཁག་ནང་བཏང་ནས་རོགས་སྐྱོར་བྱ་ཡུལ་ཚན་པའི་དགོས་མཁོ་གཞིར་བཟུང་། བརྟག་ཞིབ་གཏིང་ཟབ་དང་། འཆར་གཞི་བཟོ་བ། ལས་དོན་ཧུར་ཐག་སྒྲུབ་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས“མངགས་ཐོའི”ལས་འགན་མང་པོ་ཧུར་ཐག་བསྒྲུབས་ཡོད་པ་རེད། རིག་གནས་ཀྱི་ཤེས་ལྡན་མི་སྣའི“མངག་ཐོ་རྣམ་པའི”བོད་སྐྱོར་ལས་དོན་ནི་རྒྱུན་མཐུད་སློབ་གསོ་དང་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྗེས་ཀྱི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་ཡིན་པ་རེད། 

    བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་དང་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་དབར་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ཅིང་། ཁག་དང་པོའི“མངགས་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ལས་བྱེད་པ་ཚུའེ་ཡུང་པོའོ་དང་། མུའུ་ཤིང་། ཝུའུ་ཤུས་བཅས་བོད་ལྗོངས་གཏམ་བརྗོད་ཚོགས་པར་ལས་ཀ་བྱེད་རིང་། བོད་དུ་བྱིས་པའི་ཟློས་གར་མེད་པའི་གནས་ཚུལ་ལ་དམིགས་ཏེ《བྱིས་པའི་ཟློས་གར་གངས་ལྗོངས་ས་མཐོར་འཁྲབ་འཐུས་རང་བཞིན་གྲོས་འགོ》འཆར་ཟིན་བཀོད་པ་མ་ཟད། འབྲེལ་ཡོད་ཀྱི་ཆེད་དོན་འཆད་ཁྲིད་བྱས་ནས་བོད་ལྗོངས་གཏམ་བརྗོད་ཚོགས་པས་གསར་རྩོམ་བྱས་པའི་གཏམ་བརྗོད་ཐུང་གྲས་ལྗོངས་ཕྱིའི་གར་སྟེགས་ཐོག་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད། ཁག་དང་པོའི“མངགས་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ཤེས་ལྡན་པ་ཀུའོ་ཅན་ཕིང་བོད་ལྗོངས་དཔེ་མཛོད་ཁང་དུ་ལས་དོན་སྒྲུབ་རིང་། ལས་ཀའི་གཙོ་གནད་དེ་བཅར་འདྲི་རྩོམ་སྒྲིག་པུའི་སྤྱིའི་དཀར་ཆག་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐོག་བཞག་ནས་ལྷགས་པའི་གནད་དོན་ལ་བརྟག་ཞིབ་དང་ཐག་གཅོད་བྱས་པ་མ་ཟད། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གསོ་སྦྱོང་དང་དངོས་ཡོད་བཀོལ་སྤྱོད་ཀྱི་སྦྱོང་བརྡར་ཐེངས་ལྔ་བྱས་པ་རེད། ཁག་དང་པོའི“མངགས་ཐོ་རྣམ་པའི”རིག་གནས་བོད་སྐྱོར་ལས་བྱེད་པ་4ཡིས་གཞིས་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པར་ལས་ཀ་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཆུས་18ཀྱི་འཁྲབ་སྟོན་བྱེད་སྒོ་ཧུར་ཐག་སྤེལ་ནས་གཏམ་བརྗོད་ཐུང་གྲས《གཅེན་གཅུང་》དང་གླུ་གཞས《ཇོ་མོ་གླང་མར་འཛེགས་ནས་པེ་ཅིང་ལ་ལྟ་བ》སོགས་གསར་རྩོམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།