དབུ་ཤོག>གསར་འགྱུར།
  • ཁྱེད་ནི་ངའི་མིག་ལྟ་བུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    1996ལོར། སི་ཁྲོན་ཏ་དབྱི་ནས་ཡོང་བའི་ལོ་42ལ་སླེབས་པའི་ཝང་ཡུང་འཕྱོངས་རྒྱས་རྫོང་ཐང་པོ་ཆེ་གྲོང་ཚོར་ཆུ་ཡུར་བཟོ་སྐབས། ལས་ཡུལ་དུ་ཨར་ལས་ལ་ཡོང་བའི་བཀྲ་ཤིས་གཡང་འཛོམས་དང་ངོ་ཤེས། ལས་ཀའི་འབྲེལ་བའི་རྐྱེན་གྱིས། ཁོང་གཉིས་པོ་བརྩེ་སེམས་ཟབ་ཏུ་ཕྱིན་པ་དང་ལོ་དེར་གཉེན་སྒྲིག་བྱས། གཉེན་སྒྲིག་བྱས་རྗེས། ཝང་ཡུང་གིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས། ཉེ་འགྲམ་གྱི་ཨར་སྐྲུན་ལས་ཡུལ་དུ་ལས་ཀར་བསྐྱོད་པས། ཁྱིམ་ཚང་གི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་པ་རེད། དུས་ཡུན་རིང་པོ་མ་ཕྱིན་པར། 2014ལོར། ཝང་ཡུང་གི་མགོའི་དབང་རྩའི་མ་ལག་འཁྲུག་པའི་རྐྱེན་གྱིས་གློ་བུར་དུ་འོན་པར་གྱུར། དེ་རྗེས་མིག་ཀྱང་ལོང་བར་གྱུར་པས། རང་ཤི་རྒྱག་འདོད་ཀྱི་བསམ་བློ་ཐེངས་མང་འཁོར། བཀྲ་ཤིས་གཡང་འཛོམས་ཀྱིས་ལག་རྩལ་སྣེ་གཅིག་ཀྱང་མི་ཤེས་པར་བརྟེན། ལས་ཀ་བརྟན་པོ་ཞིག་རྙེད་ཀྱི་མེད། དེས་ན། ཁོང་གིས་ཉིན་མོར་ཝང་ཡུང་ལ་ལྟ་རྟོག་བྱེད་པ་དང་། མཚན་མོར་རྩེད་ཐང་གྲོང་ཁུལ་གྱི་མེ་ཏོག་ཚོང་ཁང་ནས་རྒྱ་སེའི་མེ་ཏོག་ཉོས་ཏེ་མེ་ཏོག་འཚོང་བར་འགྲོ་གི་ཡོད། ཝང་ཡུང་གིས། བཀྲ་ཤིས་གཡང་འཛོམས་དང་ཁ་ཐུག་པ་ནི་ངའི་བསོད་ནམས་ཡིན། ཁོང་ནི་ངའི་མིག་དང་རྣ་ལྟ་བུ་ཡིན་ཞེས་བཤད། བཀྲ་ཤིས་གཡང་འཛོམས་ཀྱིས་དཀའ་ངལ་ག་ཚོད་འཕྲད་ཀྱང་། ནང་མི་བཞི་པོ་སྤྲོ་སྣང་ལྡན་པའི་ངང་འཚོ་བ་བསྐྱལ་རྒྱུ་བྱུང་ན། གནོང་འགྱོད་མེད་ཅེས་བཤད། བཀྲ་ཤིས་གཡང་འཛོམས་དང་ཝང་ཡུང་གིས་སྤྱིར་བཏང་གི་འཚོ་བའི་ཁྲོད་སྤྱིར་བཏང་མ་ཡིན་པའི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་རྩོམ་བཞིན་ཡོད།

    573361_yis_1543901573220.jpg

    འདི་ནི་བཀྲ་ཤིས་གཡང་འཛོམས་དང་ཝང་ཡུང་འདས་དོན་ལ་དྲན་གསོ་བྱེད་སྐབས་སྤྲོ་སྣང་གིས་མྱོས་ཏེ་གད་མོ་དགོད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།