དབུ་ཤོག>གསར་འགྱུར།
  • བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅོ་བརྒྱད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-03

    བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅོ་བརྒྱད་པའི་ཁོངས་མི་ཚང་མར《ཞི་ཅིན་ཕིང་གིས་བགྲང་བྱ་བདུན་གྱི་ན་གཞོན་ཤེས་ཡོན་ཅན་གྱི་ལོ་ཟླ》ཞེས་པའི་དེབ་རེ་ཡོད། དེ་ནི་2017ལོའི་ལོ་མཇུག་ཏུ་ཀྲུང་དབྱང་རྩ་འཛུགས་པུས་པེ་ཅིང་དུ་གཉེར་བའི་རྡོག་ཐོན་གོང་གི་གསོ་སྦྱོང་ཚོགས་འདུའི་ཐོག་སྤྲད་པ་ཞིག་རེད། ཁོང་ཚོས་ཚན་རིག་ཞིབ་འཇུག་དང་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་སྔ་བར་ཕྱི་གསུམ་དུ་བོད་ལྗོངས་གསར་པ་སྐྲུན་པའི་ལས་འགན་གཙོ་བོར་དམིགས་པ་དང་། ཁོང་ཚོས་མངགས་གཏོང་ཚན་པ་དང་དང་ལེན་ཚན་པའི་ལེགས་ཆའི་ཐོན་ཁུངས་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཤེས་ལྡན་པ་དང་། མ་དངུལ། རྣམ་གྲངས་སོགས་ལ་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་བཏོན་ཏེ། “མྱུར་འགྲུབ”རྣམ་གྲངས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། “རྨང་གཞི་འདིང་བ་དང་ཕུགས་སུ་དོ་དམ་བྱེད་པའི”ལས་དོན་མང་ཙམ་བསྒྲུབ་རྒྱུར་སྔར་བས་དོ་སྣང་བྱེད་མུས་ལགས།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་འབུམ་རམས་པའི་ཚོགས་པ་དང་པོ་བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅོ་བརྒྱད་པ་བོད་ལ་སླེབས་མ་ཐག་ས་མཐོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་རྒྱུའི་གལ་ཆེའི་རང་བཞིན་ངོས་འཛིན་ཟབ་མོ་བྱུང་ཞིང་། “བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་དག་ནི་ཀྲུང་དབྱང་དང་རྒྱལ་ཁབ་སོགས་ཀྱི་འབྲེལ་ཡོད་ཚན་པ་དང་ཤར་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ནས་འོང་བ་ཞིག་ཡིན་པ་དེ་དག་གི་ཆེད་ལས་ཀྱི་ཁེབས་རྒྱ་ཆེ་ཞིང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟབ་པའི་ཁར། ཞིབ་འཇུག་བྱེད་པའི་འཇོན་ཐང་ཆེ་བ་དང་ལས་ཀ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། འབུམ་རམས་པ་ཚོས་ཆེད་ལས་ཀྱི་ཁྱད་ཆོས་དང་། ལས་གནས་དང་སྡོད་སའི་ཞབས་འདེགས་ཞུ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་དུ་དགོངས་པ་གསར་པ་ལག་ལེན་བསྟར་བའི་སྟོབས་གསར་དམག་ཅིག་ཏུ་གྱུར་ཡོད”ཅེས་བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅོ་བརྒྱད་པའི་ཚོགས་གཙོ་གཞོན་པ་ལིའུ་ཝུའེ་ཤིན་གྱིས་དེ་ལྟར་བཤད། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འབུམ་རམས་པ་སུང་ཞུང་ཝུའེ་ཡིས་བོད་ལ་སླེབས་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་ས་ཁུལ་དང་ཐིང་རིམ་པའི་འཛིན་གྲྭའི་མི་ཐེངས་300དང་རྫོང་རིམ་པའི་འཛིན་གྲྭའི་མི་ཐེངས་600ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་བྱས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབུམ་རམས་པ་ཕེ་མིང་ཀོང་གིས། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སོགས་ཀྱི་གཞི་རིམ་ལས་བྱེད་པར《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ལས་དོན་ཁྱོན་ཡོངས་ནས་སྒྲུབ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་བྱས་པ། ཅིས་ནན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབུམ་རམས་པ་ཝང་ཕུའུ་ལིང་གིས《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་རིགས་པའི་གཞུང་ལུགས་ཀྱི་པར་ངོས་ཐོག《སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་བ་ཟབ་མོ་ཚོར་བ》ཞེས་འཁོད་པའི་རྩོམ་ཡིག་སྤེལ་བ་སོགས་བྱས་ཡོད།

    ཚན་རིག་ཞིབ་འཇུག་ཐད་བོད་སྐྱོར་འབུམ་རམས་ཞབས་ཞུའི་ཚོགས་པའི་འབུམ་རམས་པ་ཚོས་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པའི་ཆེད་དོན་ཐེབས་རྩའི་བརྗོད་གཞི་འདུན་ཞུ་ཧུར་ཐག་བྱས་ནས། འབུམ་རམས་པ་14ལ་ཆོག་མཆན་ཐོབ་པ་ལས་མི་གཉིས་བོད་ཀྱི་2018ལོ་འཁོར་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རྣམ་གྲངས་གཙོ་བོར་ཚུད་པ་དེས་ལྗོངས་ཡོངས་ལ་རྣམ་གྲངས་གཙོ་བོ་5ལས་མེད་པའི་40%བཟུང་བ་ཕུད། འབུམ་རམས་པ་15ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་འཐབ་ཇུས་བློ་འདྲིའི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གདན་ཞུ་བྱས་ཡོད།

    “ས་མཐོས་ངའི་རང་གཤིས་ལ་སྦྱོང་བརྡར་སྤྲས་པ་དང་། གངས་ལྗོངས་ཀྱིས་ངའི་སྡུག་བསྲན་ཐེག་ནུས་སྔར་བས་ཆེ་རུ་གྱུར། གཞི་རིམ་དུ་དཀའ་ཚེགས་ཆེ་བ་དང་ཞིང་འབྲོག་ཁུལ་དུ་ཚོང་དོན་འཁོར་རྒྱུག་ཡག་པོ་མེད་པ་དེས་ལས་འགན་དཀའ་ཚེགས་ཆེ་བ་ཤེས་བྱུང”ཞེས་ཧོ་པེའི་བཟོ་སྐྲུན་སློབ་ཆེན་གྱི་འབུམ་རམས་པ་ཧྲེ་ཁྲེང་ཧྭས་མྱོང་ཚོར་ཟབ་མོའི་ངང་བཤད། ཁོང་གིས་ཟླ་བ་བཅུ་ཙམ་རིང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ཚང་མར་བསྐྱོད་པ་དང་། རྫོང(ཆུས)44ཡི་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ལས་དོན་ཐད་རྩེ་རིམ་གྱི་ཇུས་འགོད་འཆར་འགོད་བྱས་པ་དང་། ཁོང་གི་བཟའ་ཟླས་ཀྱང་ཁོང་དང་མཉམ་དུ་བོད་ལ་རོགས་སྐྱོར་དང་མངའ་རིས་ཀྱི་མཐོ་རིམ་སློབ་འབྲིང་ལ་སློབ་སྐྱོར་བྱེད་པར་སླེབས་ཡོད།

    བོད་ཀྱིས་འཛམ་གླིང་གི་དམར་རྟགས་ཚོགས་པའི་ཉིན་མོ་ཐེངས་71པར་དྲན་གསོ་ཞུ་བ་དང“5·8”ཀྱི་དམར་རྟགས་ཚོགས་པའི་གཅེས་སེམས་ཀྱི་གཟའ་འཁོར་བྱེད་སྒོའི་རིང་བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་འབུམ་རམས་པ་ཚོས་སྣེ་ཁྲིད་དེ་ཐོ་བཀོད་ནས་ཁྲག་སྐྱེད་ཕྲ་ཕུང་གཙོ་བོ་དང་མིའི་གཟུགས་པོའི་དབང་པོ་ཞལ་འདེབས་སུ་འབུལ་བའི་དང་བླངས་པར་གྱུར་ཡོད། རང་ལྗོངས་སུ་ས་བབ་མཐོ་བ་དང་སྣོད་བཅུད་ཀྱི་ཁོར་ཡུག་ཉམས་ཞན་ཡིན་པའི་གནད་དོན་ལ་དམིགས་ཏེ་བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་ལ་བསྐྱོད་ནས་མཉམ་དུ་ས་མཐོའི་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་བྱས་ཏེ། རིག་ནུས་དྲོད་ཁང་སྐྲུན་པ་དང་། སྟོངས་ལ་ཉེ་བའི་རྩི་ཤིང་སྐྱེ་འཕེལ། སྣོད་བཅུད་ཀྱི་རྒྱང་ཚོར་ཞིབ་དཔྱད་ཚད་ལེན། ནགས་ལས་དང་སྣོད་བཅུད་རིགས་ཀྱི་སྟབས་བསྟུན་ཤེས་ལྡན་པ་ནང་འདྲེན་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱས་ཡོད། བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་ཚོས་ལས་གནས་ལ་གཞི་ཚུགས་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    བོད་སྐྱོར་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅོ་བརྒྱད་པའི་ཞབས་ཞུའི་དུས་ཚོད་ཐིམ་ལ་ཉེ་བའི་སྐབས་འབུམ་རམས་པ་13གྱིས་རྩ་འཛུགས་ལ་དུས་ཚོད་ནར་འགྱངས་སམ་བོད་ལ་གཞིས་ཆགས་བྱ་རྒྱུའི་འདུན་པ་ཞུས་པ་དང་། ལིའུ་ཝུའེ་ཤིན་ནི་བོད་དུ་སྡོད་རྒྱུའི་སེམས་ཐག་གཅོད་མཁན་འབུམ་རམས་པའི་གྲས་ཤིག་རེད། ཁོང་གིས“བོད་སྐྱོར་ནི་ངས་ཐེ་ཚོམ་མེད་པར་སེམས་ཐག་བཅད་པ་ཞིག་ལས་འཕྲལ་མར་ཡ་ཡུད་བྱས་པ་ཞིག་མིན། བོད་འཕེལ་རྒྱས་དང་འཛུགས་སྐྲུན་ལ་མི་རབས་མང་པོས་འབད་བརྩོན་བྱེད་དགོས་པས། ངས་མེས་རྒྱལ་གྱི་དགོས་མཁོ་ཆེ་སར་བསྡད་དེ་བྱས་རྗེས་འཇོག་རྒྱུ་ནི་གཟི་བརྗིད་ཆེ་བའི་ལས་འགན་ཞིག་དང་བླ་ན་མེད་པ་ཞིག་ཡིན་པར་སྙམ”ཞེས་གསར་འགོད་པར་བཤད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།