བོད་ལྗོངས་ནག་ཆུའི་ཐོན་རྫས་ཀྲེ་ཅང་དུ་འཚོང་བ།
ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ཁག་བརྒྱད་པའི་ལས་བྱེད་པའི་གཞོགས་འདེགས་ཧུར་ཐག་འོག བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པའི”འདུ་ཤེས་ལ་བརྟེན་ནས་ཚོགས་པ་བསྒྲིགས་ཏེ་ཟླ་11ཚེས་23ནས་ཚེས་27ཉིན་བར་འཚོགས་པའི་2018ལོའི་ཀྲེ་ཅང་ཞིང་ལས་དངོས་མང་སྟོན་ཚོགས་ལ་ཚགས་ཤ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ། བོད་ཕག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་30ལྷག་དང་བོད་ལུགས་གསོ་རིག་དང་བོད་སྨན་འོས་སྦྱོར་བྱས་པས་རྒྱ་ཆེའི་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད་ཅིང་།
འདི་ནི་འཛད་སྤྱོད་པས་ཚགས་ཤའི་བྲོ་བ་ལྟ་བཞིན་པ།