དབུ་ཤོག>གསར་འགྱུར།
  • གྲོང་ཚོར་སྣོད་བཅུད་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-01

    572327_yis_1543554302325_b.jpg

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི“ཁུལ་གསུམ”ཚན་རྩལ་ཞབས་འདེགས་རུ་ཁག་གིས་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱེད་པ་དང་ཚན་རིག་ཁྱབ་གདལ་གྱི་ཞབས་འདེགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་དུ་གྲོང་གསེབ་དང་སློབ་གྲྭ་སོགས་སུ་ཚན་རིག་ཁྱབ་གདལ་སློབ་གསོ་གཏོང་བར་བསྐྱོད་ནས་མང་ཚོགས་ཀྱིས་ཚན་རིག་ལ་དགའ་ཞེན་དང་། ཚན་རིག་སློབ་སྦྱོང་། ཚན་རིག་བེད་སྤྱོད་བཅས་ཀྱི་དགའ་སྣང་དང་སྤྲོ་སེམས་གང་ལེགས་འཕེལ་བར་བྱས་ཡོད། ཉིན་ཤས་གོང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི“ཁུལ་གསུམ”ཚན་རྩལ་ཞབས་འདེགས་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་རྗེ་རོང་གྲོང་ཚོར་བསྐྱོད་དེ་གྲོང་མི་ཚོར“ཚན་རིག་ཁྱབ་གདལ་གྱི་སྟོན་མོ”གཟབ་རྒྱས་ཤིག་བཤམས་པར་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། 

    འདི་ནི་ཚན་རིག་ཁྱབ་གདལ་ལས་དོན་པས་ངང་སེར་དང་ཁྲུང་ཁྲུང་མགོ་ཁྲའི་འཚོ་བའི་གོམས་གཤིས་དང་རྒྱུད་འཕེལ་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་ནས་གྲོང་མི་ཚོར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།