བོད་ཀྱི་དངོས་ཟོག་གང་སར་ཁྱབ་ནས་དྲ་ཐོག་ཚོང་དོན་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ།
“བོད་ཀྱི་དངོས་ཟོག་གང་སར་ཁྱབ་པ”ཞེས་པ་ནི་བོད་ལྗོངས་ཨ་ཡོན་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་གཉེར་བའི་ཡུལ་དེ་གའི་ཕུང་གསུམ་པའི་ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་ལས་སྟེགས་ཤིག་ཡིན་ཞིང་། 2015ལོའི་ཟླ་12ལ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་བོད་ཀྱི་ཁྱད་ལྡན་དངོས་ཟོག་གི་བརྒྱ་ཟོག་སྤུས་ལེགས་དང་ས་གནས་ཀྱི་བརྙན་ལམ་སོགས་རྣམ་གྲངས་ཆེན་པོ་ལྔ་བཙུགས་པ་རེད། 2017ལོར། ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1646.5ཟིན་པ་དང་། 2018ལོའི་ཟླ་1ནས་6བར། ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་690ཟིན་ཡོད་པ་རེད། ཉོ་ཚོང་གི་ལས་སྟེགས་གཉེར་སྐྱོང་བྱས་པ་བརྒྱུད། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྐུལ་འདེད་བཏང་ཞིང་། འདི་ནི་འཛད་སྤྱོད་པས་བོད་ལྗོངས་ཨ་ཡོན་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་ཕྱིར་ཚོང་བྱས་པའི་བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཤེས་རྟོགས་བྱེད་བཞིན་པ།