
ཟླ་11ཚེས་16ཉིན། ནན་ཁྲང་གྲོང་ཁྱེར་སློབ་འབྲིང་བཅུ་བདུན་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོ་ལིའུ་ཧོ་ཕིང(རྒྱབ་གྲལ་གཡོན་གྱི་བཞི་པ)གི་ཁྱིམ་དུ་ཟ་མ་ཟ་བར་སླེབས་ཤིང་། ལིའུ་ཧོ་ཕིང་གིས་རྟག་ཏུ་བོད་ལྗོངས་འཛིན་གྲྭའི་སློབ་མ་རང་ཁྱིམ་དུ་ཟ་མ་ཟ་བར་འབོད་དེ་རང་ཉིད་ཀྱིས་བཟོས་པའི་ཚལ་གྱི་བྲོ་བ་མྱོང་དུ་འཇུག་གི་ཡོད།
འདི་ལོ་ལོ་64ལ་སླེབས་པའི་ལིའུ་ཧོ་ཕིང་ནི་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིང་ཧྲན་ཧུའུ་ཆུས་ཐང་ཧྲན་གྲོང་རྡལ་ཧྲང་ཧྥང་ལམ་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་ཞིང་། ནང་སར་སློབ་གཉེར་བྱེད་བཞིན་པའི་བོད་ལྗོངས་འཛིན་གྲྭའི་སློབ་མར་རང་ཁྱིམ་ལྟ་བུའི་དྲོ་སྐྱིད་ཅིག་སྦྱིན་ཆེད་2010ལོ་ནས་བཟུང་། ལིའུ་ཧོ་ཕིང་དང་ས་གནས་དེའི་སྡེ་ཁུལ་གྱི་གྲོང་མི་ཚོས“གཅེས་སེམས་ཨ་མའི་དང་བླངས་ཞབས་ཞུ་ཚོགས་པ”སྒྲིག་འཛུགས་བྱས་ནས་རྟག་ཏུ་བོད་རིགས་སློབ་མ་ཚོར་འཚམས་འདྲི་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་ཕ་མ་དང་བྲལ་བའི་བུ་ཕྲུག་ཚོ་ཡུལ་པོ་མི་ཡོང་བ་བྱེད་ཀྱི་ཡོད།
“གཅེས་སེམས་ཨ་མའི་དང་བླངས་ཞབས་ཞུ་ཚོགས་པ”སྒྲིག་འཛུགས་བྱེད་པའི་སྐོར་གླེང་སྐབས་ལིའུ་ཧོ་ཕིང་གིས་རང་ཉིད་ཀྱི་བཟའ་ཟླ་དེ་སྔ་ཤིན་ཅང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ནམ་རྒྱུན་རང་ཉིད་ཁོང་ལ་ལྟ་བར་འགྲོ་སྐབས་ས་གནས་དེ་གའི་ཕྲུ་གུ་ཚོ་དང་བརྩེ་དུང་ཟབ་མོ་ཆགས་བྱུང་། ད་ཆ་ཞབས་ཞུ་ཚོགས་པའི་གཅེས་སེམས་ཀྱི་ལས་ཀ་སྒྲུབ་པ་བརྒྱུད་ཁྱིམ་དང་ཁ་བྲལ་བའི་ཕྲུ་གུ་ཚོར་རང་ཁྱིམ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་ཐུབ་པ་མ་ཟད། རང་ཉིད་ཀྱང་ལོ་ཁ་ཤས་ཆུང་དུ་ཕྱིན་པའི་ཚོར་སྣང་ཡོང་གི་འདུག་ཅེས་བཤད། མིག་སྔར། “གཅེས་སེམས་ཨ་མའི་དང་བླངས་ཞབས་ཞུ་ཚོགས་པར”ཁོངས་མི་100ལྷག་ཙམ་ཡོད་པ་དང་ནན་ཁྲང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་ཁྱོན་4000ལྷག་ཙམ་ལ་རོགས་སྐྱོར་བྱེད་ཀྱི་ཡོད། མ་འོངས་པར་ལིའུ་ཧོ་ཕིང་གིས་གཅེས་སེམས་མི་སྣ་དེ་བས་མང་བ་ཞབས་ཞུ་ཚོགས་པ་དེའི་ནང་ཞུགས་ཏེ་བོད་རིགས་སློབ་མ་ཚོར་གཅེས་སེམས་དེ་བས་མང་བ་སྦྱིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།