དབུ་ཤོག>གསར་འགྱུར།
  • བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཀྱིས་མཐུན་སྒྲིལ་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-23

    ཟླ་11ཚེས་21ཉིན་གྱི་སྔ་དྲོ་སྐབས་དྲུག་པའི“ཕ་ཡུལ་གྱི་འཕོ་འགྱུར་མྱོང་རོལ་བྱེད། ཏང་གི་གསུང་སྒྲ་ལེགས་པར་ཉན”ཞེས་པ་དང་2018ལོའི“མངགས་བཅོལ་ཟབ་མོ་སེམས་ལ་བཅངས་ནས་ཏང་གི་རྗེས་སུ་འབྲང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད”ཅེས་པའི་ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་ཧྲང་ཧའེ་ཀུང་ཁང་དམའ་རིམ་སློབ་འབྲིང་དུ་འགོ་ཚུཌ་པ་རེད།

    ཧྲང་ཧའེ་ཀུང་ཁང་དམའ་རིམ་སློབ་འབྲིང་གི་སློབ་སྤྱི་ལི་ཅིང་གིས“མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་ཆེན་པོའི་བྱེད་སྒོའི་དོན་སྙིང་ཧ་ཅང་ཟབ་པར་བརྟེན་ནང་སའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་བསམ་བློ་དང་བྱ་སྤྱོད་ལ་སྣེ་ཁྲིད་དང་མཛུབ་ཁྲིད་ཀྱི་ནུས་པ་ཐོན་ཐུབ། རྒྱ་ཆེའི་དགེ་སློབ་ཚོས་གོ་སྐབས་ལ་གཅེས་སྤྲས་བྱས་ནས་དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་དགོས་ལ། རྒྱ་ཆེའི་དགེ་སློབ་ཚོས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་དགོས་པའི་རེ་བ་ཡོད”ཅེས་བཤད།

    ལྷ་ས་གྲོང་ཁྱེར་ནས་ཡོང་བའི་ལོ་རིམ་གསུམ་པའི་སློབ་མ་བསྟན་འཛིན་ལེགས་མཆོག་གིས“ཉེ་བའི་ལོ་ཤས་རིང་ལྷ་སར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག ཁྲོམ་གཞུང་གཙང་ལ་གྲལ་འགྲིག་པ་དང་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ཡོད། རིགས་གཅིག་མཁས་ཅན་དང་དགེ་རྒན་ཚོས་འགྲེལ་བཤད་བརྒྱབ་རྗེས་ངས་ཕ་ཡུལ་གྱི་འཕོ་འགྱུར་ལ་རྒྱུས་མངའ་ཆེན་པོ་བྱུང་། སླད་ཕྱིན་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་ངས་སློབ་སྦྱོང་ལ་སྦྱངས་བརྩོན་ཧུར་ཐག་གིས་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཕྲན་བུ་འབུལ་རྒྱུ”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།