དབུ་ཤོག>གསར་འགྱུར།
  • ལྟ་རེས་སྐྱོང་རེས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-18

    མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་། དེང་གི་བོད་ལྗོངས་སུ་མི་རིགས་ཁག་གི་མི་དམངས་ཚང་མས་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བརྩོན་ལེན་བྱས་ནས་ལྟ་རེས་སྐྱོང་རེས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་མེས་རྒྱལ་གྱི་མཐའ་མཚམས་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་བས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་བརྟེན་ས་དང་། སེམས་ཀྱི་ཞིང་ས། བསམ་པའི་ཁྱིམ་གཞིས་ཤིག་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་སེམས་ལ་བརྟན་པོ་ཟུག་ཡོད་པ་རེད།

    “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུར་དམིགས་ཏེ་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩི་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གཙོ་གནད་དུ་དམིགས་པ། འདུ་འགོད་ཆེན་པོ་བཅུར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་ཐེབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    གཙང་གསུམ་རྒྱུག་ཁུལ་ནས་ཕག་རིའི་ས་མཐོ་བར་དང་ཡར་ཀླུང་གཙང་པོ་ནས་ལེ་དབར་ཁྲིའི་བྱང་ཐང་བར་སྔ་ཕྱི་བར་གསུམ་དུ་གངས་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་330ཡིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་གཅིག་མཐུན་བྱུང་སྟེ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས་སོགས་མི་རིགས་46གི་སྤུན་ཟླ་ཕན་ཚུན་གཅིག་སེམས་གཅིག་སྒྲིལ་དང་མཆུ་སོ་བརྟེན་རེས་བྱེད་པ་དང་། བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཡོད།

    མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྐྱེད་སྲིང་བྱ་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ།

    གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཤང་ཞིག་ཡོད་པ་ནི་བྱེ་བ་ཤང་ཡིན། དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། དབྱིས་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ཁོང་ཚོ་ནི་ཁྱིམ་ཚང་གཅིག་དང་འདྲ་བར་ཕན་ཚུན་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཐུན་མོང་འཕེལ་རྒྱས་ཀྱི་བསྟོད་གླུ་མཉམ་དུ་བརྩམས་ཡོད།

    བོད་དུ་བྱེ་བ་ཤང་དང་འདྲ་བའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དེ་འདྲ་མང་པོ་ཡོད། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་ནས་ལོ་གཅིག་དུས་གཅིག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་མིག་དཔེ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད་ལ། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་པའང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་མཚོན་གཏོད་པ་དང་། དྲིལ་བསྒྲགས། སློབ་སྦྱོང་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་དཔེ་མཚོན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་འགྱེད་ནུས་པ་བརྒྱུད་སྤྱི་ཚོགས་ཧྲིལ་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་གཏོད་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་རྒྱུན་ཆད་མེད་པར་བཏོད་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བཏོད་པ་དང་གཟེངས་བསྟོད་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་གསོ་སྐྱོང་དང་གཟེངས་བསྟོད་ཤུགས་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 2013ལོ་ནས་2017ལོ་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་772དང་དཔེ་བཟང་མི་སྒེར་1157ལ་གཟེངས་བསྟོད་བྱས་ཡོད།

    མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་དམིགས་ཏེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་དང་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཤུགས་རྒྱག་ས་དེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པར་སྔ་ཕྱི་བར་གསུམ་དུ་བཞག་པ་དང་། གཞི་རྩ་དེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་བཞག་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་ཕྱིན་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཞིང་། “རྨང་བརྟན་དམངས་ཕན”དང་། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ”སོགས་ཀྱི་བྱེད་སྒོ་དེ་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་པས་ཏང་ཡོན་ལས་བྱེད་པ་རྣམས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ནས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཆེས་ཆེར་ཟབ་ཏུ་ཕྱིན་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཞིང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྒྲུབ་མཉམ་སྦྱོང་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པས་ཕན་ཚུན་རྒྱུས་མངའ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཏུ་གྱུར་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།