དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-09

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཐུན་མོང་གི་ཕུགས་འདུན་སྤྱད་དེ་མི་སེམས་གཅིག་ཏུ་སྒྲིལ་བ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རིམ་པ་བཞིན་དམ་འཛིན་གྱིས་དངོས་ཕན་ཡོང་བར་སྣང་ཆེན་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་ཡོངས་སུ་ཁྱབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད། 

    རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རིགས་པའི་གཞུང་ལུགས་བརྗོད་པ་དང་ཏང་ཡོན་ལས་བྱེད་པས་སྲིད་ཇུས་བརྗོད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་བརྗོད་པས་ལྗོངས་ཡོངས་སུ་ཕྱོགས་བསྡུས་རྣམ་པའི་སྒྲོག་འགྲེལ་མ་ལག་རིམ་གྱིས་ཆགས་ཡོད། རིགས་གཅིག་མཁས་ཅན་དང་། མཁས་དབང་།ཞིང་འབྲོག་མང་ཚོགས་བཅས་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་ཁག་གིས་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་ཁྲི་7.8ལྷག་ཙམ་བྱས་པར་ཁྱོན་མི་ཐེངས་ཁྲི་1280ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ལྗོངས་ཡོངས་སུ་ཕྱོགས་མང་དང་རིམ་པ་མང་པོ་སོགས་ཀྱི་ཐོག་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གླེང་ཕྱོགས་གཅིག་སྡུད་ཆགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ“རྟག་ཏུ་མཐོང་རྒྱུ་ཡོད་པ”“རྟག་ཏུ་གསར་བརྗེས་ཐུབ་པ” “རྟག་ཏུ་གཏིང་ཟབ་ཏུ་འགྲོ་བ”བཅས་བྱས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་ལྗོངས་ཀྱི་སྐད་གསང་མཐོན་ཤོས་ཀྱི་དབྱངས་རྟ་ཞིག་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཞིག་ཏུ་འགྱུར་བར་བྱས་ཡོད། 

    2017ལོའི་ཟླ་3པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 

    ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རིམ་རྩིས་བྱས་ན་ཁྱོན་མི་ཐེངས་ཁྲི་2190ལ་སྒྲོག་འགྲེལ་ཐེངས་ཁྲི་22ལྷག་བྱས་པ་དང་མི་ཐེངས་ཁྲི་300ལྷག་ལ་ལག་ལེན་བྱེད་སྒོ་ཐེངས་ཁྲི་10ལྷག་སྤེལ་བས་སྤྱི་ཚོགས་ལས་རིགས་ཁག་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་ལ། རྒྱ་ཆེའི་མང་ཚོགས་ལ་ཡང་སློབ་གསོ་གཏིང་ཟབ་ཐེབས་ནས་སྤྱི་ཚོགས་ཡོངས་སུ་རང་འགུལ་ངང“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད། 

    2018ལོའི་ཟླ་10ཚེས་6ཉིན་ཧྲུའུ་ཅི་ཝུའུ་དབྱིང་ཅེས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་ཚུན། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལ་གྲུབ་འབྲས་ལ་ཡང་ཁས་ལེན་གང་ལེགས་གནང་ཡོད་པ་རེད། 

    འདི་ལོ་ཚུན་ལྗོངས་ཡོངས་ཀྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞིབ་ཀློག་ཞིབ་སྦྱོང་གི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཤིང་། 《བོད་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས(ཏང་ཡོན་ལས་བྱེད་པའི་པར་མ་དང་ཞིང་འབྲོག་མང་ཚོགས་ཀྱི་པར་མ)》དང《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི〉དེབ་དང་པོ་དང་གཉིས་པའི་སྒྲོག་འགྲེལ་གནད་བསྡུས》(བོད་རྒྱ་ཡིག་རིགས་གཉིས)རྩོམ་འབྲི་བྱས་པ་དང་། “རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་ཚོགས་པའི་གསོ་སྦྱོང་འཛིན་གྲྭ”སོགས་གཉེར་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲོག་འགྲེལ་རྐང་འཛིན་པ་3375ལྷག་ལ་གསོ་སྦྱོང་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་དང་གཉིས་པ་སྒྲོག་འགྲེལ་བྱས་པ། “དུས་རབས་གསར་པ་དང་རྣམ་པ་གསར་པ་བྱས་རྗེས་གསར་པ”ཞེས་པ་མི་སེར་ལ་སྒྲོག་འགྲེལ་བྱས་པ་རེད། ཟླ་9པའི་ཟླ་མཇུག་བར། ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཐེངས་ཁྲི་38.4ལྷག་བྱས་པར་ཁྱོན་མི་ཐེངས་ཁྲི་3241ཞུགས་ཡོད་པ་རེད། 

    ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གཞི་ཁྱོན་ཤིན་ཏུ་ཆེ་ཞིང་། རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བོད་ཀྱི་འགྱུར་ལྡོག་གི་དཔྱད་གཏམ》སོགས་ཀྱི་ཆེད་སྒྲིག་ལེ་ཚན་བཏོད་དེ་རང་ལྗོངས་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་ཆེད་སྤེལ་བའི་བྱེད་སྒོ་སྣ་ཚོགས་བཀོད་ཡོད་པ་རེད། 

    ཟླ་10ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་གནང་ནས་སྤྱི་ཚོགས་ཡོངས་ལ་ཁོང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་པ་རེད། 

    སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་གཏམ་བཟང་པེ་ཅིང་ནས་བསྒྲགས་པ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། 

    ཉེ་དུས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་རི་ཉིལ་བའི་ཐོལ་བྱུང་དོན་རྐྱེན་ཧ་ཅང་ཆེན་པོ་གཉིས་ཐོན་པར་དམིགས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་། གེགས་བར་གྱི་གནས་ཚུལ་དངོས། གེགས་སྐྱོབ་འཕེལ་རིམ་བཅས་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་ཤུགས་ཆེན་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་ཞུས་པས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བྱུང་བ་རེད། 

    འདས་པའི་ལོ་5ཡི་རིང་། རིག་གནས་བྱ་གཞག་གི་ཐོན་ལས་དར་རྒྱས་ཆེན་པོ་བྱུང་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་གསོན་ཤུགས་ཆེན་པོ་རྒྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས”རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིག་གནས་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་26བཏང་བ་རེད། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལོ་ལྟར་གྲོང་གསེབ་རིག་གནས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1ཙམ་བཀོད་སྒྲིག་བྱས་པ་དང་། ལོ་5ཡི་རིང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་11938དང་རིག་རྩལ་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་5502བཏང་བ་མ་ཟད། རང་སྐྱོང་ལྗོངས་ཀྱིས་ད་དུང་ཐེངས་གཅིག་ལ་མ་དངུལ་སྒོར་དུང་ཕྱུར་1.16བཏང་ནས་འཕྲིན་ལམ་སྒྱུར་སྒམ་གསལ་ཤོས་ཁྲི་34.1གཅིག་སྡུད་ཐོག་བརྗེས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་རླུང་འཕྲིན་དང་བརྙན་འཕྲིན་ལྟ་ཉན་བྱེད་པའི་དགོས་མཁོ་བསྐངས་པ་རེད། 

    མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད། གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་46ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་23ལ་གཙོ་གནད་སྲུང་སྐྱོང་ལས་དོན་སྤེལ་བ། ལྷ་མོ་དང་། གླིང་སྒྲུང་། སྲོལ་རྒྱུན་དུས་ཆེན་སོགས་གཙོ་གནད་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། མ་དངུལ་སྒོར་དུང་ཕྱུར་6.4བཏང་སྟེ་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ། རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་དང་པོ་གཏིང་ཟབ་སྤེལ་བ། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཚན་པ་1295ཡི་རིག་དངོས་ཉར་ཚགས་གནས་ཚུལ་ལ་ཞིབ་བཤེར་བྱས་པ་བཅས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ལ་གཞོགས་འདེགས་བྱས་ནས་ཕྱི་རྒྱལ་གྱི་བཅར་འདྲི་ཚོགས་པ་ཁག་44ཡི་མི་ཐེངས་300ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། བོད་རིག་པ་མཁས་ཅན་དང་། བོད་ལུགས་གསོ་རིག་མཁས་ཅན། ཆོས་ལུགས་ལས་རིགས་མི་སྣ་སོགས་ཁག་21གི་མི་ཐེངས་146རྒྱལ་ཁབ་30ལྷག་ཙམ་དུ་རིག་གཞུང་སྤེལ་རེས་དང་མཛའ་གྲོགས་འཚམས་འདྲི་བྱ་རྒྱུར་མངགས་པ་ལས་རྒྱལ་སྤྱིའི་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པའི་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བོད་ལྗོངས་བརྙན་འཕྲིན་གྱི་བོད་སྐད་འཕྲིན་ལམ་ནེ་པ་ལར་ཤར་གཏོང་ཐུབ་པ་ཕྱི་ཕྱོགས་སུ་དབྱིན་སྐད་ཀྱི་རླུང་འཕྲིན་ལེ་ཚན་གླིང་ཆེན་ལྔའི་རྒྱལ་ཁབ་50ལྷག་ཙམ་ལ་ཁྱབ་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།