དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སློབ་གསོ་བོད་སྐྱོར་ཐད་ཐབས་ལམ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-07

     ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་བཙུགས་ནས་ལོ་ལྔ་སོང་ཚུན། “འཕེལ་རྒྱས་ཀྱི་དམིགས་ཚད་གཅིག་དང་། སློབ་གཉེར་གྱི་འདུ་ཤེས་གཅིག སློབ་གཉེར་གྱི་བསམ་ཕྱོགས་གཅིག མི་སྐྱོང་གི་བྱ་ཐབས་གཅིག གདེང་འཇོག་གི་མ་ལག་གཅིག”བཅས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། སློབ་གསོ་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། བོད་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད་པ་རེད།

    “6+1”གནད་སྨིན་རོགས་སྐྱོར་བྱས་ནས་སྤུས་རྟགས་བཏོད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས《ཚོགས་སྒྲིག་རྣམ་པའི་སློབ་གསོ་བོད་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་། ཅང་སུའུ་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སློབ་གྲྭ་6དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས“གཅིག་གཏད་གཅིག”གི་བྱ་ཐབས་སྤྱད་དེ“སློབ་གྲྭ་གཅིག་ལ་སྤུས་རྟགས་གཅིག”གི“6+1”བྱ་ཐབས་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ་དང་། སློབ་གྲྭའི་ཡུལ་སྐོར་ཞབས་ཞུ་དང་། ཆ་འཕྲིན་ལག་རྩལ། འཕྲུལ་གློག་ལག་རྩལ། བོད་ལུགས་གསོ་རིག་དང་བོད་སྨན། ནོར་དཔལ་ཚོང་དོན། རིག་གནས་སྒྱུ་རྩལ་སོགས་གཙོ་རྐང་ལས་སྒོའི་ཚོགས་པ་ཆེན་པོ་དྲུག་གཏོད་རྒྱུར་གནད་སྨིན་རོགས་སྐྱོར་བྱས་ནས་གཙོ་གནད་ཐོག་ཆེད་ལས་འཛུགས་སྐྱོང་དང་། དགེ་རྒན་གྱི་དཔུང་ཁག དངོས་སྦྱོང་རྟེན་གཞི། ཐོན་ཁུངས་མཉམ་སྤྱོད། འགྲན་བསྡུར་མཛུབ་ཁྲིད་སོགས་ཀྱི་ཐད་ཁ་གཏད་རོགས་སྐྱོར་སློབ་གྲྭའི་མཛུབ་ཁྲིད་དང་ལེན་བྱས་ཡོད་པ་རེད།

    “2+1”མཉམ་ལས་སློབ་གཉེར་བྱས་པ་བརྒྱུད་ཤེས་ལྡན་མི་སྣ་འབོར་ཆེན་ཐོན་པ། སློབ་གསོ་པུའུ་དང་། ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ། ལྗོངས་སློབ་གསོ་ཐིང་དང་འབྲེལ་ཡོད་སློབ་གླིང་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སྔ་རྗེས་སུ་ནན་ཅིང་ཅིན་ལིན་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་། ཀོང་ཤིས་པེ་ཧའེ་སྒྱུ་རྩལ་སློབ་གླིང་སོགས་ཚན་པ་དང་མཉམ་དུ“2+1”གི་མཉམ་ལས་སློབ་གཉེར་བྱ་ཐབས་སྤྱད་ཡོད་པ་སྟེ། སློབ་མ་གསར་པས་སློབ་གྲྭ་འདི་གར་ལོ་གཅིག་སློབ་སྦྱོང་བྱེད་པ་དང་། དེ་རྗེས་ཁ་གཏད་རོགས་སྐྱོར་བྱེད་མཁན་སློབ་གྲྭར་ལོ་གཅིག་གི་ཆེད་ལས་རྩལ་ནུས་སྦྱོང་བ། དེ་ནས་སླར་ཡང་བོད་དུ་ལོག་ནས་ལས་ཚབ་དངོས་སྦྱོང་གི་སློབ་གཉེར་བྱ་ཐབས་བརྒྱུད་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱེད་པ་དེ་རེད།

    “3+3”འབྲིང་རིམ་དང་མཐོ་རིམ་སྦྲེལ་མཐུད་ཀྱིས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་བ། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྩལ་ནུས་རྣམ་པ་དང་ལྷག་དོན་དུ་རིམ་མཐོའི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་བརྒྱུད་རིམ་ལྡན་པའི་ངང་གསོ་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཅང་སུའུ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གྲྭ་དང“3+3”གི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲོས་མཐུན་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།