དབུ་ཤོག>གསར་འགྱུར།
  • ​ ལྟ་ཞིབ་ཚད་ལེན་ལས་འདི་ལོའི་མཚོ་སྔོན་གྱི་རྩྭ་ཁ་ཡག་པོ་ཡོད་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-10-28

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡིས་གནས་ཚུལ་སྤེལ་བའི་ནང་། ལྟ་ཞིབ་ཚད་ལེན་ལས་2018ལོའི་མཚོ་སྔོན་གྱི་ས་ཆ་ཁག་གི་རྩྭའི་ཐོན་འབོར་ཉེ་བའི་ལོ་བཅུའི(2008ལོ་ནས་2017ལོ་བར)རིང་གི་ཆ་སྙོམས་ཐོན་འབོར་ལས་བརྒྱ་ཆ་བཅུའམ་དེ་ལས་མང་བ་ཡོད་པས་འབྲོག་ལས་ཀྱི་གནམ་གཤིས་བསྟན་ཚུལ་ལས་རྩྭ་ཁ་ཡག་པོ་ཡོད་པའི་ཕྱོགས་བསྡུས་གདེང་འཇོག་བྱས་པ་མངོན་ཡོད།

    རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་ལ་དབྱེ་ཞིབ་བྱས་པ་ལས་མངོན་དོན། 2018ལོའི་མཚོ་སྔོན་གྱི་རྩྭའི་ཐོན་འབོར་དེ་ནུབ(བྱང)ནས་ཤར(ལྷོ)ཕྱོགས་སུ་རིམ་པས་འཕར་ཡོད་པ་དང་རྩྭའི་ཐོན་འབོར་མང་ཤོས་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྷོ་རྒྱུད་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཤར་ལྷོའི་མཚམས་སུ་ཡིན་པ་རེད།

    མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་འདི་ལོའི་དགུན་སྟོད(ཟླ་བཅུ་གཅིག་ནས་བཅུ་གཉིས་བར)དུ་ཆར་ཆུ་འབབ་ཚད་རྒྱུན་གཏན་དང་བསྡུར་ན་གདང་ལ་རི་ཁུལ་དུ་བཅུ་ཆ་གཅིག་ནས་གཉིས་བར་ཅུང་མང་བ་དང་། མཚོ་སྔོན་པོའི་རྒྱུད་ཀྱི་ས་ཁུལ་དང་། མདོ་ལ་རིང་མོ། དེ་བཞིན་མགོ་ལོག་ཀྲོའུ་བཅས་ཀྱི་ས་ཆ་མང་ཆེ་བར་བཅུ་ཆ་གསུམ་ནས་ལྔ་བར་གྱིས་ཅུང་མང་བ། ད་དུང་ས་ཆ་ཁག་གཅིག་ལ་གངས་སྐྱོན་ཡང་ཐོན་བཟོ་ཡོད་པའི་སྔོན་དཔག་བྱས་པས། འབྲོག་ཁུལ་གྱིས་དགུན་ཁ་མ་ཤར་གོང་ནས་གཟན་རྩྭ་དབོར་འདྲེན་དང་གསོག་འཇོག་བྱེད་དགོས་པ་དང་། ངལ་རྩོལ་ནུས་ཤུགས་བཀོད་སྒྲིག་དང་ཕྱུགས་ར་ཉམས་བཟོ་བྱས་ཏེ་གེགས་འགོག་ཕྱུགས་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས་པ་དང་ཆབས་ཅིག བཤས་མང་པོ་གཏོང་བ་དང་བཤས་མགྱོགས་པོ་བཏང་ནས་རྩྭ་རར་སྒོ་ཕྱུགས་ཚད་ལས་བརྒལ་ནས་འཚོ་རྒྱུ་སྔོན་འགོག་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།