དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་པར་ངེས་པར་དུ་མང་ཚོཌ་ལ་བརྟེན་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-10-28

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་སྣོད་བཅུད་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་པོ་བསྲུངས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཞིང་། 2018ལོའི་ཟླ་དང་པོ་བར་རང་ལྗོངས་ཀྱི་རྫོང་10དང་། ཤང་དང་གྲོང་རྡལ་173 སྲིད་འཛིན་གྲོང་ཚོ་1924བཅས་ལ་བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། སྣོད་བཅུད་ཤང་དང་གྲོང་རྡལ། སྣོད་བཅུད་གྲོང་ཚོ་བཅས་ཀྱི་མཚན་སྙན་ཐོབ་ཡོད།

    གྲུབ་འབྲས་དེ་དག་ཐོབ་པ་ནི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་ཚགས་ངང་ལག་ལེན་བསྟར་བ་དང་ཁ་འབྲལ་ཐབས་མེད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཧུར་ཐག་ཞུགས་པ་དང་ཡང་དེ་བས་ཁ་འབྲལ་ཐབས་མེད་པས། སྣོད་བཅུད་གྲོང་ཚོ་སྐྲུན་རིང་གི་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དེས། མང་ཚོགས་ཀྱིས་སྣོད་བཅུད་གྲོང་ཚོ་བསྐྲུན་རྒྱུའི་དོན་སྙིང་གལ་ཆེན་ལ་འཛིན་པའི་ངོས་འཛིན་མཐོ་རུ་འགྲོ་བར་ཕན་ཐོགས་བྱུང་ལ། རྒྱ་ཆེའི་མང་ཚོགས་ཧུར་ཐག་ཞུགས་ནས་སྣོད་བཅུད་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བར་སྣེ་ཁྲིད་བྱ་རྒྱུར་ཡང་ཕན་པ་བྱུང་ཡོད། སྣོད་བཅུད་གྲོང་ཚོ་སྐྲུན་པར་གཙོ་བོ་མང་ཚོགས་ལ་བརྟེན་དགོས། མང་ཚོགས་རྒྱ་ཁྱབ་ངང་མ་ཞུགས་ཚེ། སྣོད་བཅུད་གྲོང་ཚོ་བསྐྲུན་རྒྱུ་གླེང་ཐབས་བྲལ་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་བས་གླེང་ཐབས་བྲལ། ཀུན་གྱིས་ཤེས་གསལ་ལྟར་མང་ཚོགས་ནི་ལོ་རྒྱུས་ཀྱི་སྲོལ་གཏོད་པ་ཡིན་ལ། ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་མཁན་གཙོ་བོའང་རེད། སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་པར་ངེས་པར་དུ་མང་ཚོགས་ལ་ཡིད་ཆེས་དང་མང་ཚོགས་ལ་བརྟེན་གང་ཐུབ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་རིང་མང་ཚོགས་སྲོལ་གཏོད་པ་གཙོ་བོ་ཡིན་པའི་སྙིང་སྟོབས་ལ་བརྩི་སྲུང་ཞུ་དགོས།

    ཡིན་ནའང་། མི་དམངས་མང་ཚོགས་ཀྱི་གོ་རྟོགས་རང་བཞིན་གྱིས་མཐོ་རུ་འགྲོ་མི་སྲིད་པར་བརྟེན་འོས་འཚམ་གྱི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གནས་ཡུལ་གང་ཡིན་པ་དང་རང་ཉིད་ཀྱི་བདེ་སྐྱིད་ཆེད་འབད་འཐབ་བྱེད་དགོས་ལུགས་ཤེས་སུ་འཇུག་དགོས། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་པ་དང་དྲིལ་བསྒྲགས་ཀྱི་གཞི་རྟེན་སྣ་ཚོགས་ཇུས་འགོད་བྱས་ནས་མང་ཚོགས་ཀྱིས་སྣོད་བཅུད་བཟང་བའི་གྲོང་ཚོ་བསྐྲུན་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི“དམངས་འཚོའི་འདུ་འགོད”དང“དམངས་སེམས་འདུ་འགོད”ཅིག་ཡིན་པ་དངོས་འབྲེལ་ཤེས་སུ་བཅུག་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པར་བྱས་ནས་སྣོད་བཅུད་བཟང་བའི་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་མང་ཚོགས་ཞུགས་པའི་ཧུར་སེམས་དང་རང་འགུལ་བསམ་པ་དངོས་འབྲེལ་ཆེ་རུ་ཕྱིན་ཡོད།

    སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་རིང་། མང་ཚོགས་ལ་རང་ཉིད་ནི་སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་མཁན་གྱི་གཙོ་བོ་ཡིན་པ་ཤེས་སུ་འཇུག་དགོས་པ་མ་ཟད། མང་ཚོགས་ཀྱིས་སྣོད་བཅུད་བཟང་བའི་གྲོང་ཚོ་བསྐྲུན་རྒྱུ་ནི་རང་ཉིད་ཀྱིས་བྱེད་འདོད་པའི་ལས་ཀ་དང་རང་ཉིད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ཞིག་ཡིན་པ་ཤེས་རྒྱུ་གལ་ཤིན་ཏུ་ཆེ། དེ་ལྟར་བྱས་པས་སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་རིང་བདག་པོ་དང་གཙོ་ཤུགས་དམག་གི་ནུས་པ་ཆེན་པོ་ཐོན་ཐུབ་ངེས་རེད། མང་ཚོགས་ཀྱི་བག་ལ་ཞ་བའི་རྣམ་དཔྱོད་ལེགས་པར་འདོན་པ་དང་། སྟོབས་ཤུགས་ཁོང་ནས་འབུད་པ། སྤྲོ་སེམས་སྐུལ་སློང་ཐུབ་པ་བཅས་བྱུང་ཚེ། ལྗོངས་ཡོངས་སུ་མི་ཚང་མས་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་སྣོད་བཅུད་བཟང་བའི་གྲོང་ཚོ་སྐྲུན་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཐུབ་རྒྱུ་མ་ཟད། དཔལ་འབྱོར་ཡར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་ཞིག་ཀྱང་སྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།