དབུ་ཤོག>གསར་འགྱུར།
  • བོད་དུ་སྡོད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་གིས་ཉིང་ཁྲི་གྲོང་ཁྱེར་དུ་རྟོག་ཞིབ་གནང་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-13

     ཉེ་ཆར། བོད་དུ་སྡོད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་ཕེབས་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་ལ་དམིགས་ནས་རྟོག་ཞིབ་གནང་བ་རེད།

    ད་རེས་ཀྱི་རྟོག་ཞིབ་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར་སྐུལ་འདེད་གཏོང་བ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བ་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འགོད་བྱ་ཆེད་ཡིན་པ་རེད།

    ཉིང་ཁྲིར་བཞུགས་རིང་། རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་སྟེ། ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོའི“ཐའེ་ཀྲའོ་གནའ་གྲོང”དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ་སྟེ། ཨ་སྐྱིད་གླིང་ཞིང་འབྲོག་པ་མཉམ་ལས་ཁང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཚན་པ་སྟེ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་སུ་རྟོག་ཞིབ་གནང་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས)ཡིན་པའི་བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་དང་སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་ལས་གླིང་གི་ལྗོངས་ཕྱི་ནས་གདན་དྲངས་པའི་ཞིང་ལས་ལག་རྩལ་མི་སྣ་དང་སྤེལ་རེས་གནང་སྟེ་ཁོང་ཚོར་ཡུལ་དེའི་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ལམ་བུར་བསྐྱོད་ཐུབ་རྒྱུར་མུ་མཐུད་རོགས་རམ་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད། རྟོག་ཞིབ་ཚོགས་པ་དང་བཅས་པས་བྲག་ཡིབ་ཆུས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་གི་གཅིག་སྡུད་བསྙེན་བཀུར་གྱི་མི་རིགས་ཁག་གི་རྒན་རྒོན་ལ་བྱམས་བརྩེའི་ངང་གཟིགས་པ་རེད།

    རྟོག་ཞིབ་ཚོགས་པས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་གསན་རྗེས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གསར་གཏོད་ཀྱི“གཤམ་སྤེལ་བདུན”གྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གསར་གཏོད་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་གཤམ་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་འཛུགས་ཐུབ་པ་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་འདེམས་གཏོད་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་མི་རིགས་མཐུན་སྒྲིལ་ཁྲོད་ཐོན་པའི་སྔོན་ཐོན་ལ་གཟེངས་བསྟོད་དང་སྟོན་ཕྱོགས་འཛུགས་པ་དང་སྤྱོད་བཟང་དར་སྤེལ་བཏང་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱ་རྒྱུར་ལྕག་སྐུལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་དང་། དེ་བཞིན་རྒྱལ་གཅེས་རིང་ལུགས(མི་རིགས་མཐུན་སྒྲིལ)ཀྱི་རྟེན་གཞི་གང་ལེགས་སྤྱད་དེ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད།

    རྟོག་ཞིབ་ཚོགས་པས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།