གྲོང་གསེབ་ཡུལ་སྐོར་དར་རྒྱས་ཕྱིན་པས་མང་ཚོགས་ལ་སྒོ་རྩ་ནས་འབབ་འཕར་བྱུང་བ།
ཉེ་བའི་ལོ་ཤས་ནང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་ཚུགས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ“གྲོང་ཚོ་རེར་ཐོན་རྫས་སྣ་ཁ་རེ་ཡོད་པ་དང་ཁྱད་ཆོས་རེར་རྩ་འཛུགས་རེ་ཡོད་པའི”འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་། གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་18ལེགས་གྲུབ་བྱས་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་ཆ་འཕྲིན་ཅན་གྱི་རྣམ་གྲངས་20བསྐྲུན་ཡོད། ད་ཆ་ཉིང་ཁྲིའི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁོ་ནར་ལྟ་བ་ནས་ཉམས་ལེན་ཡུལ་སྐོར་དང་རིག་ནུས་ཡུལ་སྐོར་ལ་བསྒྱུར་ཏེ་གྲོང་གསེབ་ཀྱི་ཐོན་ཁུངས་ཁག་སྐུལ་སློང་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཅིང་། འདི་ནི་ཉེ་དུས་ཡུལ་སྐོར་བས་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་ཀྲང་པ་གྲོང་ཚོའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་མི་རིགས་ལག་ཤེས་འགྲེམས་ཁང་ནས་དྲན་རྟེན་དངོས་པོ་ཉོ་བཞིན་པ།