དབུ་ཤོག>གསར་འགྱུར།
  • མཛེས་སྡུག་ལྡན་པའི་གནའ་གྲོང་གི་མཚན་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-09

    ཟླ་10ཚེས་7ཉིན་གྱི་དགོང་མོའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཁྲ་ཐིང་ཐིང་གི་གློག་སྒྲོན་འོག་མི་རྣམས་དེ་གར་འཛོམས་ནས་འཁྲུག་ཆ་དོད་པའི་སྒོར་གཞས་འཁྲབ་བཞིན་ཡོད་པ་རེད།

    “སྐུ་ཉིད་ལྷ་སར་ཕེབས་པར་དགའ་བསུ་ཞུ། ལྷ་སས་ཁྱེད་ལ་སྨོན་འདུན་ཞུ”ཞེས་པའི་གླུ་གཞས་ཁྲོད་གྲོང་མི་300ཡིས་དགའ་སྤྲོའི་ངང་ཐང་ཆེན་ཞབས་བྲོ་འཁྲབ་པས་ལྷ་སའི་མཚན་ལྗོངས་ཤིག་ཏུ་གྱུར་ཡོད།

    ཐང་ཆེན་གྱི་སྨི་ངོས་གྲུ་200ཡི་བརྙན་བཤེར་ཐོག“བདག་ཉིད་ཀྲུང་གོར་དགའ”ཞེས་པའི་ཡི་གེ་ཆེན་པོ་ལྔ་གསལ་བའི་མདུན་དུ་གྲོང་མི་མང་པོས་དྲན་རྟེན་པར་རྒྱག་བཞིན་ཡོད་པ་རེད།

    ཡིད་དབང་འཕྲོག་ཤོས་ཤིག་ནི་གློག་སྒྲོན་བརྒྱ་ཕྲག་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལར་འཕྲོ་སྐབས་ཧ་ཅང་མཛེས་སྡུག་ལྡན་པ་དང་སྔར་བས་བརྗིད་ཆགས་ཉམས་དང་ལྡན་པར་གྱུར།

    555895_yis_1538974460346_s.jpg

     འདི་ནི་ཟླ་10ཚེས་7ཉིན་གྱི་དགོང་མོ“བདག་ཉིད་ཀྲུང་གོར་དགའ”ཞེས་པའི་བརྗོད་དོན་གཙོ་བོའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གློག་སྒྲོན་གྱིས་བརྒྱན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།